ཨ་རིའི་མཁའ་དམག་གི་གནམ་གྲུ་བལ་ཡུལ་ནང་འབྱོར་བ།


2015.05.04
ཨ་རིའི་གནམ་གྲུབ་བལ་ཡུལ་ལ་འབྱོར་བཞིན་པ། ༢༠༡༥།༥།༣ ཨ་རིའི་གནམ་གྲུབ་བལ་ཡུལ་ལ་འབྱོར་བཞིན་པ། ༢༠༡༥།༥།༣
AFP

ཨ་མི་རི་ཀའི་མཁའ་དམག་གནམ་གྲུ་བལ་ཡུལ་ནང་འབྱོར་བར་སྲོག་སྐྱོབ་ལས་དོན་དང་རོགས་སྐྱོར་ལས་དོན་འཕྲལ་མར་ཐུབ་རྒྱུ་ཡིན་པ།
འཕུར་བསྐྱོད་འགོ་འཛུགས་བྱུང་བ་དེས། བལ་ཡུལ་གྱི་ས་ཡོམ་གྱི་གོད་ཆག་ཕོག་དེ་ཡང་རེས་གཟའ་ཟླ་བ་ཉིན་ཨ་མི་རི་ཀའི་མཁའ་དམག་གནམ་གྲུ་བལ་ཡུལ་ནང་འཕུར་བསྐྱོད་འགོ་འཛུགས་བྱུང་བ་དེས། བལ་ཡུལ་གྱི་ས་ཡོམ་གྱི་གོད་ཆག་ཕོག་མི་རྣམས་སྲོག་སྐྱོབ་ཙམ་མ་ཟད། བཟའ་བཅའ་སོགས་ཀྱི་རོགས་རམ་འཕྲལ་མར་གནང་ཐུབ་པའི་རེ་བ་ཡོད་པ་རེད། བལ་ཡུལ་ནང་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་པ་སྐུ་ཞབས་Peter W. Boddeཡིས་གསར་འགོད་པར། ཨ་མི་རི་ཀའི་དམག་གི་གནམ་གྲུ་དེ་དག་གིས་ལས་དོན་མང་པོ་སྒྲུབ་ཐུབ་པའི་དམིགས་ཡུལ་ཡོད་སྐོར་དང་། གནམ་གྲུ་དེ་དག་གིས་རོགས་སྐྱོར་གྱི་བཅའ་དངོས་འོར་འདྲེན་དང་སྲོག་སྐྱོབ་རོགས་རམ་གྱི་དགོས་མཁོ་རྟོག་ཞིབ་གནང་རྒྱུ་ཡིན་སྐོར་གསུངས་འདུག ཡང་ཨ་མི་རི་ཀའི་དམག་དཔོན་Brigadier General Paul Kennedyཡིས་ད་ཐེངས་ཀྱི་ཨ་མི་རི་ཀའི་གནམ་གྲུ་དེ་དག་གིས་བལ་ཡུལ་གྱི་ས་ཡོམ་གྱི་གོད་ཆག་ཕོག་མི་རྣམས་ལ་འཕྲལ་མར་ཕན་ཐོགས་ཡོང་རྒྱུ་ཡིན་སྐོར་གསུངས་འདུག       ཡང་བལ་ཡུལ་གཞུང་གི་དཔོན་རིགས་སྐུ་ཞབས་Suraya Prasad Silwal  ཡིས་བལ་ཡུལ་ནང་རེས་གཟའ་ཉི་མ་ཉིན་འབྱོར་བའི་ཨ་མི་རི་ཀའི་དམག་གི་གནམ་གྲུ་དེ་དག་བལ་ཡུལ་གྱི་ས་ཡོམ་གྱི་གོད་ཆག་ཤུགས་ཆེ་ཕོག་ཡུལ་དང་ས་ཁུག་Sindhupal chokདང་། Gorkhaཞེས་པའི་ས་གནས་དེ་དག་ནང་རྨས་སྐྱོན་ཕོག་མི་རྣམས་རྒྱལ་ས་ཀཏ་མན་གྲུའི་སྨན་ཁང་ཁག་ནང་འོར་འདྲེན་ཆེད་བེད་སྤྱོད་གནང་རྒྱུ་ཡིན་སྐོར་གསུངས་འདུག
བལ་ཡུལ་གཞུང་གིས་རེས་གཟའ་ཟླ་བ་བར་ད་ཐེངས་ཀྱི་ས་ཡོམ་གྱི་གོད་ཆག་དེའི་ནང་མི་གྲངས་༧༣༦༥ཡི་ཚེ་སྲོག་ཤོར་ཡོད་པ་དང་། མི་གྲངས་ཁྲི་ཚོ་བརྒལ་བར་རྨས་སྐྱོན་ཕོག་ཡོད་སྐོར་གསུངས་འདུག ཁ་སྔོན་ཕྱི་ཟླ་༤པའི་ཚེས་༢༥ཉིན་གྱི་ས་ཡོམ་སྐབས་བོད་དང་རྒྱ་གར་ནང་མི་གྲངས་བརྒྱ་ལྷག་གི་ཚེ་སྲོག་ཤོར་ཡོད་པ་རེད། ཡང་བལ་ཡུལ་གྱི་སྐོར་སྲུང་བའི་དཔོན་རིགས་སྐུ་ཞབས་Kamal Singh Bamཡིས་ད་ཐེངས་ཀྱི་བལ་ཡུལ་གྱི་ས་ཡོམ་དེའི་ནང་ཕྱི་རྒྱལ་བ་མི་གྲངས་༥༧ཡི་ཚེ་སྲོག་ཤོར་ཡོད་པ་དང་། གཞན་ཡང་མི་གྲངས་༡༡༢དུས་ད་ལྟ་ཡང་རྩད་གཅོད་ཐུབ་མེད་སྐོིར་གསུངས་པའི་འདུག

གསར་འགོད་པ་ལྷུན་གྲུབ་ཚེ་རིང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎