རོཊ་རམ་བྱེད་ཕྱོཊ་ཐད་སྐྱོན་འཛུཊ་དང་ཟིང་ཟིང་གི་རྣམ་པ་ཡོད་པ།


2015.05.06
བལ་ཡུལ་རྒྱལ་སར་ས་ཡོམ་གྱི་གོད་ཆག་ཐེབས་མི་ཚོར་རོགས་རམ་གནང་བཞིན་པ། ༢༠༡༥།༥།༣ བལ་ཡུལ་རྒྱལ་སར་ས་ཡོམ་གྱི་གོད་ཆག་ཐེབས་མི་ཚོར་རོགས་རམ་གནང་བཞིན་པ། ༢༠༡༥།༥།༣
ཐུབ་བསྟན་སངས་རྒྱས། /RFA

ཕྱིའི་རོགས་རམ་བྱེད་མཁན་དང་བལ་ཡུལ་གཞུང་བར་གནོད་ཐེབས་ས་ཁུལ་ལ་རོགས་རམ་བྱེད་སྟངས་ཐད་དཀའ་ངལ་ཡོང་བཞིན་པ་རེད།
དེ་ཡང་བལ་ཡུལ་ལ་ས་ཡོམ་གྱི་གོད་ཆག་ཕོག་པར་རོགས་རམ་མཁོ་འདོན་བྱེད་མཁན་རྒྱལ་སྤྱིའི་ཚན་པ་ཁ་ཤས་དང་། བལ་ཡུལ་གཞུང་ཕྱོགས་དབར་ཕན་ཚུན་གནོད་འཚེ་ཕོག་ཡུལ་གྱི་མི་དམངས་ལ་རོགས་རམ་མཁོ་འདོན་བྱེད་ཕྱོགས་ཐོག་སྐྱོན་འཛུགས་བྱེད་རེས་བྱེད་པའི་ཟང་ཟིང་གི་རྣམ་པ་ཞིག་ཐོན་བཞིན་ཡོད་པ་དང་། སྤྱི་ཟླ་བཞི་པའི་ཚེས་༢༥ཉིན་བལ་ཡུལ་ལ་ས་ཡོམ་གྱི་གནོད་འཚེ་ཆེན་པོ་བྱུང་མ་ཐག་རྒྱལ་སྤྱིའི་ཡུལ་གྲུ་ཁག་ནས་ཐེངས་འདིའི་ས་ཡོམ་གྱི་གནོད་ འཚེ་ཕོག་ཡུལ་བལ་ཡུལ་ས་གནས་ཁག་གི་ཡུལ་མི་ཚོར་ཉེན་ཡོལ་རོགས་རམ་མཁོ་འདོན་གནང་འགོ་ཚུགས་ཡོད་པ་རེད། ཡིན་ནའང་བལ་ཡུལ་ལ་ས་ཡོམ་ཉེན་ཡོལ་གྱི་རོགས་རམ་མཁོ་འདོན་བྱེད་མཁན་རྒྱལ་སྤྱིའི་ཚན་པ་ཁ་ཤས་ཀྱིས། ཕྱིའི་རྒྱལ་རྒྱལ་ཁབ་ཁག་ནས་བལ་ཡུལ་དུ་ས་ཡོམ་གྱི་ཉེན་ཡོལ་དངོས་ཟོག་མང་པོ་ཞིག་འབྱོར་བཞིན་ཡོད་རུང་། དངོས་ཟོག་དེ་ཚོ་བལ་ཡུལ་གཞུང་ནས་སོ་སོའི་འགག་སྒོའི་ལས་ཁུངས་ནས་གཙང་བཤེར་དགོས་ལུགས་བཤད་ནས་འཕྲལ་དུ་གནོད་འཚེ་ཕོག་ཡུལ་དུ་བགོས་འགྲེམས་བྱེད་མ་ཐུབ་པར། ཉེན་ཡོལ་དངོས་ཟོག་མང་པོ་རྒྱལ་སའི་གནམ་ཐང་དུ་སྤུངས་ནས་བཞག་ཡོད་པ་དང་། བལ་ཡུལ་གཞུང་གི་བྱེད་སྟངས་དང་ཉེན་གཡོལ་ལས་དོན་སྤེལ་སྟངས་འགོར་པོ་ཡོད་པ་བལ་ཡུལ་གཞུང་ལ་སྐྱོན་བརྗོད་ཡོང་གི་ཡོད་ཅིང་། ཡང་བལ་ཡུལ་གཞུང་ནས། བལ་ཡུལ་གྱི་འགག་སྒོ་ལས་ཁུངས་ནས་ཕྱི་ཕྱོགས་ཀྱི་རོགས་རམ་དངོས་པོར་བརྟག་དཔྱད་བྱེད་རྒྱུ་དགོས་ངེས་ཡིན་པ་དང་། རོགས་རམ་དངོས་པོ་ཁག་ཅིག་དང་རོགས་རམ་མི་སྣ་མང་པོ་དེ་འདྲ་བལ་ཡུལ་ལ་དགོས་མཁོ་མེད་པ་བརྗོད་དེ་། རྒྱལ་སྤྱིའི་རོགས་རམ་ཚན་པ་ཁག་ཅིོག་དང་བལ་ཡུལ་གཞུང་གཉིས་ཕན་ཚུན་ཉེན་གཡོལ་རོགས་རམ་མཁོ་འདོན་བྱེད་ཕྱོགས་ཐོག་སྐྱོན་འཛུགས་བྱེད་རེས་བྱེད་པའི་ཟང་ཟིང་གི་རྣམ་པ་ཞིག་ཐོན་བཞིན་ཡོད་པ་རེད་འདུག

གསར་འགོད་པ་ཀུན་བཟང་རིག་འཛིན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎