བལ་ཡུལ་ནང་གནས་སྐབས་བུ་ཚབ་སྤྲོད་ལེན་མཚམས་འཇོག


2015.05.28

བལ་ཡུལ་ནང་ས་ཡོལ་གྱི་གནོད་ཐེབས་ས་ཁུལ་ནས་ཕྲུ་གུ་དང་བུ་མོ་ནག་ཚོང་བྱེད་མཁན་ཇེ་མང་ལ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་རེད།
དེ་ཡང་བལ་ཡུལ་གཞུང་གིས་ས་ཡོམ་གྱི་གོད་ཆགས་ཆེན་པོ་ཕོག་པའི་ཡུལ་དེ་ནས་ཕྲུ་གུ་ནག་ཚོང་བཙན་འཁྲིད་བྱས་པ་འགོག་ཐབས་སུ། ཟླ་བ་གསུམ་རིང་བུ་ཚབ་སྤྲོད་ལེན་བྱ་རྒྱུ་མཚམས་འཇོག་གནང་ཡོད་པ་དང་། ཚེས༢༧ཉིན་བལ་ཡུལ་གཞུང་གིས་ནག་ཚོང་རྒྱབ་མཁན་གྱི་ལག་ནས་ཕྲུ་གུ་ལྔ་བཅུ་སྐྱོབ་ཐུབ་པའི་རྗེས་བལ་ཡུལ་གྱི་བེུད་དང་། ཕྲུ་གུ། དེ་བཞིན་སྤྱི་ཚོགས་བདེ་དོན་བློན་ཆེན་ལས་ཁང་གིས་གནས་སྐབས་རིང་བུ་ཚབ་སྤྲོད་ལེན་བྱ་རྒྱུ་མཚམས་འཇོག་གནང་རྒྱུའི་ཐག་ཆོད་གནང་བ་ཞིག་ཡིན་ལུགས་ལས་ཁང་དེའི་མགྲིན་ཚབ་པ་Ram Prasad Bhattaraiཞུ་བས་གསུངས་འདུག བལ་ཡུལ་ནས་རྒྱ་གར་ནང་དེ་སྔ་ནས་མི་ནག་ཚོང་རྒྱབ་བཞིན་ཡོད་པ་དང་། ལྷག་པར་དུ་ཉེ་སྔོན་ས་ཡོམ་གྱི་གོད་ཆགས་ཆེན་པོ་བྱུང་བ་དེའི་སྐབས་དང་བསྟུན་ནག་ཚོང་གྱི་དཀའ་ངལ་ཆེ་རུ་ཕྱིན་ཡོད་འདུག བལ་ཡུལ་གྱི་ཉེན་རྟོག་པ་དང་། བདེ་སྲུང་མི་སྣས་ས་མཚམས་ཁག་ཏུ་སྲུང་བྱ་ནན་པོ་གནང་བཞིན་ཡིན་པ་དང་། ཕ་མ་མཉམ་དུ་མེད་པའི་ཕྲུ་གུ་འགྲུལ་བཞུད་བྱ་མཁན་ཚོར་ས་གནས་གཞུང་གི་ངོས་སྦྱོར་མཉམ་འཁྱེར་དགོས་པའི་གཞུང་གིས་བཀོད་ཁྱབ་ནན་པོ་གནང་ཡོད་པ་རེད། ས་མཚམས་ཀྱི་ཉེན་རྟོག་པའི་མགྲིན་ཚབ་པ་Kamal Singh Bamཞུ་བས། ང་ཚོས་ཚོུད་༢༤རིང་ས་མཚམས་བརྒལ་ནས་འགྲོ་མཁན་ཚོའི་ལམ་ཡིག་ལ་ཞིབ་ཚགས་ནན་མོ་བྱེད་ཀྱི་ཡོད་ཅེས་བཤད་འདུག
བལ་ཡུལ་ནང་འདས་པའི་ལོ་མང་པོའི་རིང་མོའོའི་གྱེན་ལོག་པའི་དཀའ་ངལ་འཕྲད་པའི་ཆ་ནས་ལས་མེད་དང་། དབུལ་ཕོངས་མང་དུ་ཕྱིན་པར་བརྟེན་མི་ནག་ཚོང་རྒྱབ་མཁན་ཚོས་ལས་སླ་པོའི་ཐོག་ནས་བལ་ཡུལ་གྱི་བེུད་དང་། ཕྲུ་གུ་མགོ་སྐོར་སླུ་བྲིད་བྱས་ནས་ནག་ཚོང་རྒྱབ་ཀྱི་ཡོད་འདུག ཕྱི་ལོ་༢༠༡༠ལོར་ཨ་མི་རི་དང་། ཁེ་ཎ་ཌའི་གཞུང་གིས་བལ་ཡུལ་ནས་ཕྲུ་གུ་བུ་ཚབ་ལེན་རྒྱུ་མཚམས་འཇོགས་གནང་ཡོད་པ་དང་། དེ་ལྟར་གནང་དགོས་དོན་ནི་བལ་ཡུལ་ནང་སྒེར་གྱི་དྭ་ཕྲུག་གསོ་སྐྱོང་ཁང་གིས་ཕ་མ་ཡོད་པའི་ཕྲུ་གུ་ཡང་དྭ་ཕྲུག་ཡིན་པའི་ཡིག་ཆ་རྫུན་མ་བཟོས་ནས་བུ་ཚབ་སྤྲོད་ལེན་བྱས་པའི་གནས་ཚུལ་བྱུང་བའི་རྐྱེན་གྱིས་བཀག་འགོག་གནང་བ་ཞིག་ཡིན་པ་རེད།

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎