བལ་ཡུལ་ནང་རྡོ་སྣུམ་མི་འདང་བའི་དཀའ་ངལ་ཡོད་པ།

བལ་ཡུལ་ནང་རྒྱལ་ས་ཀཊ་མན་ཌུའི་གཙོས་པའི་ས་ཁུལ་མང་པོ་ཞིག་ནང་རྡོ་སྣུམ་མི་འདང་བའི་དཀའ་ངལ་མྱོང་བཞིན་ཡོད་པ་རེད།

2008.05.22

༄༅༎བལ་ཡུལ་ནང་རྡོ་སྣུམ་གྱིས་མི་འདང་བའི་དཀའ་ངལ་ཆེ་རུ་འགྲོ་བཞིན་ཡོད་པ་ལྟར་ད་རིང་བལ་ཡུལ་གྱི་སྲིད་བློན་གྷི་རི་ཇཱ་པ་ར་སཏ་ཀོ་རི་ལྰ་ཡིས་རྒྱ་གར་གཞུང་གིས་སྔར་རྒྱུན་བཞིན་བལ་ཡུལ་ལ་རྡོ་སྣུམ་ཐོན་སྐྱེས་མཁོ་སྤྲོད་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་དང་རེས་གཟའ་ཕུར་བུའི་ཉིན་བལ་ཡུལ་གྱི་བྷ་ལུ་ཝ་ཊར་ས་གནས་ནང་ཡོད་པའི་སྲིད་བློན་གྷི་རི་ཇཱ་པ་ར་སཏ་ཀོ་རི་ལཱ་ཡི་ལས་ཁུང་ནང་ལྷན་ཚོགས་གནང་བའི་སྐབས་རྒྱ་གར་ཕྱོགས་ནས་འཛུགས་སྐྲུན་ཆེད་དུ་མཁོ་བའི་ཨར་དམ་དང་ས་ཕག་སོགས་ཕྱིར་ཚོང་མཚམས་འཇོག་བྱས་པའི་སྲིད་ཇུས་ཕྱིར་འཐེན་གནང་སྟེ་མུ་མཐུད་སྔར་བཞིན་རྡོ་སྣུམ་དང་།  ཨར་དམ། སོ་ཕག་ཕྱིར་ཚོང་གནང་བའི་རེ་བ་ཡོད་པའི་སྐོར་གསུངས་ཡོད་པ་རེད། བལ་ཡུལ་ནང་ཉེ་ཆར་གྲོས་ཚོགས་ཀྱི་འོས་བསྡུ་བྱས་པའི་རྗེས་ཁྲོམ་རའི་ཐོག་རྡོ་སྣུམ་མི་འདང་པའི་དཀའ་ངལ་ཆེ་རུ་ཕྱིན་ཏེ་རྒྱལ་ས་ཀཊ་མན་ཌུ་གཙོས་པའི་ས་ཁུལ་ཁག་ནང་རྡོ་སྣུམ་ཉོ་མཁན་གྱི་མི་དམངས་བང་སྒྲིག་པའི་གནས་ཚུལ་ཉིན་ལྟར་བཞིན་མཐོང་རྒྱུ་ཡོད་པ་དང་བལ་ཡུལ་གྱི་རྡོ་སྣུམ་ཚོང་ལས་ཁང་ཚོས་ཀྱང་གཞུང་གིས་འཕྲལ་དུ་རྡོ་སྣུམ་ཐོན་སྐྱེས་མཁོ་འདོན་བྱ་རྒྱུའི་ཁས་ལེན་བྱེད་མི་ཐུབ་པ་ཡིན་ཚེ་ཟླ་བ་འདིའི་ཕྱི་ཚེས་ཉེར་བརྒྱད་ཉིན་དུས་ཚོད་ངེས་མེད་ཀྱི་ལས་མཚམས་འཇོག་པའི་ངོ་རྒོལ་ལས་འགུལ་སྤེལ་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎