བལ་ཡུལ་ནང་སྨན་པ་སྟོང་ཕྲག་མང་པོས་རྒྱབ་སྐྱོར་ལས་འགུལ།


2015.04.02
ལ་ཡུལ་གྱི་སྨན་པ་Dr. Govinda K.Cལགས། ༢༠༡༥།༤།༡ ལ་ཡུལ་གྱི་སྨན་པ་Dr. Govinda K.Cལགས། ༢༠༡༥།༤།༡
དྲ་བཤུས།Narendra Shrestha

བལ་ཡུལ་གྱི་སྨན་པའི་ཤེས་ཡོན་དང་། ཞབས་ཞུའི་སྲིད་ཇུས་ལ་བསྒྱུར་བ་གཏོང་དགོས་པའི་དགོས་འདུན་བཏོན་གནང་འདུག
དེ་ཡང་བལ་ཡུལ་གྱི་སྨན་པ་Govinda K.Cལགས་ཀྱིས་སྨན་པའི་ཤེས་ཡོན་དང་། ཞབས་ཞུའི་སྲིད་ཇུས་ལ་ བསྒྱུར་བ་གཏོང་དགོས་པའི་དགོས་འདུན་བཏོན་ནས་ཟས་བཅད་ངོ་རྒོལ་གནང་ནས་ཉིན་གྲངས་བཅུ་འཁོར་བའི་ཉིན་ཁ་ས་བལ་ཡུལ་རྒྱལ་ཡོངས་ཀྱི་སྨན་ཁང་དང་། སྨན་བཅོས་བྱ་ཡུལ་ཚང་མའི་སྨན་པ་རྣམས་ཀྱིས་ལས་མཚམས་བཞག་ནས་ཁོང་གི་དགོས་འདུན་ལ་རྒྱབ་སྐྱོར་ཞུས་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད། དེ་ཡང་ཛ་དྲག་སྨན་བཅོས་ཀྱི་ཞབས་ཞུ་རེ་ཟུང་མ་གཏོགས་དེ་མིན་སྨན་ཁང་ཚང་མའི་སྨན་པ་ཁྱོན་བསྡོམས་ལྔ་སྟོང་ལྷག་གིས་ལས་མཚམས་བཞག་ནས་ངོ་རྒོལ་བྱས་ཡོད་ལུགས་སྨན་པའི་མཐུན་ཚོགས་ཀྱི་ཚོགས་མི་Dr.Nirmal Rimal ཞུ་བས་གསུངས་འདུག
ངོ་རྒོལ་གྱི་ལས་འགུལ་དེས་རྐྱེན་པས་ཁ་ས་བལ་ཡུལ་ནང་སྨན་གཏུགས་བྱ་ཡུལ་མེད་པའི་གནས་སྟངས་ཆགས་ཡོད་འདུག བལ་ཡུལ་གྱི་སྨན་པ་རྣམས་ཀྱིས་Dr. Govinda K.Cལགས་སུ་རྒྱབ་སྐྱོར་ཞུ་གི་ཡོད་པ་དང་། ཁོང་གིས་ཟས་བཅད་ངོ་རྒོལ་གྱི་དགོས་འདུན་ནང་། བལ་ཡུལ་གཞུང་གིས་སྨན་སློབ་ཤེས་ཡོན་སྲིད་ཇུས་ལ་འགྱུར་བ་བཏང་ནས་སློབ་ཕྲུག་གང་མང་ལ་སྨན་པའི་སློབ་སྦྱོང་བྱེད་ཐུབ་པའི་མཐུན་རྐྱེན་བསྐྲུན་དགོས་པ་དང་། དེ་བཞིན་ཡུལ་མི་ཚང་མར་སྨན་བཅོས་ཀྱི་མཐུན་རྐྱེན་རག་ཐབས་སུ་གཞུང་གི་སྲིད་ཇུས་ལ་བསྐྱར་བཅོས་གནང་དགོས་པ་བཏོན་ཡོད།
བལ་ཡུལ་ནང་སྨན་པའི་མཐོ་སློབ་ཁང་ཉི་ཤུ་ཙམ་ཡོད་པའི་ནང་ནས་གསུམ་མ་གཏོགས་གཞན་ཚང་མ་སྒེར་པའི་ཡིན་པ་དང་། སྒེར་པའི་སྨན་པའི་མཐོ་སློབ་ཁང་དེ་ཚོས་སློབ་ཡོན་ཧ་ཅང་ཆེན་པོ་ལེན་གྱི་ཡོད་པས་མི་མང་དཀྱུས་མའི་སློབ་ཕྲུག་ཕལ་ཆེ་བས་སློབ་ཡོན་སྤྲོད་ཐུབ་ཀྱི་མེད་པ་རེད། Dr.Govindaལགས་ཀྱིས་གཞུང་གི་ལས་བྱེད་ཁག་ཅིག་གིས་ལྐོག་རྔན་བླངས་ནས་སྒེར་གྱི་མཐོ་སློབ་ཁང་དེ་ཚོར་ཆོག་མཆན་སྤྲད་ཡོད་པའི་སྐྱོན་བརྗོད་གནང་ཐོག་གཞུང་གི་ལས་བྱེད་དེ་ཚོ་ཕྱིར་འབུད་གཏོང་དགོས་པ་དང་། ཉེས་པ་ཡང་གཏོང་དགོས་སྐོར་གསུངས་ཀྱི་ཡོད་པ་རེད།

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎