བལ་ཡུལ་གྱི་སྲིད་བློན་གོ་གནས་ནས་དགོངས་ཞུ།

བལ་ཡུལ་གྱི་སྲིད་བློན་ནས་ཡུལ་གྱི་དམག་སྤྱི་གོ་གནས་ནས་གནས་དབྱུང་བཏང་བའི་དཀའ་རྙོག་འོག་རང་ཉིད་དགོངས་ཞུ་གནང་དགོས་བྱུང་འདུག

2009.05.04

༄༅༎བལ་ཡུལ་གྱི་མའོ་ཚོགས་པའི་སྲིད་བློན་པཱར་ཅན་རྡ་མཆོག་ཡུལ་གྱི་དམག་སྤྱི་རུཀ་མེན་གུརྡ་ཀ་ཊ་ལྦལ་གོ་གནས་ནས་གནས་དབྱུང་བཏང་བའི་དཀའ་རྙོག་འོག་རང་ཉིད་སྲིད་བློན་གྱི་ལས་གནས་ནས་དགོངས་ཞུ་གནང་དགོས་བྱུང་བའི་གནས་ཚུལ་ཐོན་འདུག

པཱར་ཅན་རྡས་ཡུལ་གྱི་དམག་སྤྱི་ཀ་ཊ་ལྦལ་དམག་སྤྱིའི་གོ་གནས་ནས་གནས་དབྱུང་བཏང་བ་དེ་སྲིད་འཛིན་རཱམ་སྦ་རན་ཡ་རྡལྦ་མཆོག་གིས་རྩ་ཁྲིམས་དང་འགལ་བའི་བྱ་བ་ཞིག་ཆགས་ཀྱི་ཡོད་པའི་ཐག་གཅོད་གནང་ཡོད་པ་རེད། གོང་ཞུས་སྲིད་འཛིན་མཆོག་གི་ཐག་གཅོད་དེ་པཱར་ཅན་རྡས་དམག་སྤྱི་ཀ་ཊ་ལྦལ་དམག་སྤྱིའི་གོ་གནས་ནས་ཕྱིར་འབུད་བྱས་ནས་ཆུ་ཚོད་འགའ་ཤས་རྗེས་བྱུང་བ་ཞིག་ཡིན་པ་རེད། དེ་བཞིན་སྲིད་འཛིན་མཆོག་ལ་དམག་སྤྱི་ཀ་ཊ་ལྦལ་གོ་གནས་སུ་མུ་མཐུད་བཞག་དགོས་པའི་ཞུ་སྙན་ཞིག་ཡུལ་གྱི་སྲིད་དོན་ཚོགས་པ་བཅོ་བརྒྱད་ཀྱིས་ཕུལ་ཡོད་པ་མ་ཟད་ཞུ་སྙན་དེའི་ནང་སྲིད་འཛིན་མཆོག་གིས་ཡུལ་གྱི་རྩ་ཁྲིམས་གཞི་བཟུང་དམག་སྤྱིའི་ལས་གནས་ནས་ཕྱིར་འབུད་བྱས་པ་དེ་བཀག་འགོག་གནང་དགོས་སྐོར་ཞུ་སྙན་དེའི་ནང་བཀོད་ཡོད་པ་རེད། སྲིད་འཛིན་ཡ་རྡལྦན་མཆོག་གིས་སྲིད་བློན་པཱར་ཅན་རྡས་ཡུལ་གྱི་དམག་སྤྱི་ཕྱིར་འབུད་བྱེད་པའི་ཐག་གཅོད་དེ་མ་འགྲིག་པའི་ཐག་གཅོད་གནང་བ་དེས་མའོ་ཤོག་ཁག་གི་སི་པི་ཨེན་ཚོགས་པས་ངོ་རྒོལ་ཆེད་གཞུང་འཛིན་ནས་ཕྱིར་འཐེན་བྱེད་རྒྱུའི་ཐག་གཅོད་བྱས་ཡོད་པའི་གནས་ཚུལ་ཐོན་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎