མའོ་དམར་ཤོག་ཚོགས་པས་བལ་ཡུལ་གཞུང་ལ་ངོ་རྒོལ།

བལ་ཡུལ་དུ་མའོ་དམར་ཤོག་ཚོགས་པའི་རྒྱབ་སྐྱོར་བ་ཁྲི་ཚོ་འགས་ཤས་ཀྱིས་བལ་ཡུལ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ།

2010.05.01

༄༅༎གཟའ་སྤེན་པའི་ཉིན་བལ་ཡུལ་གྱི་མའོའི་དམར་ཤོག་རིང་ལུགས་ཚོགས་པའི་རྒྱབ་སྐྱོར་བ་ཁྲི་ཚོ་འགའ་ཤས་ཀྱིས།རྒྱལ་ས་ཀཐ་མཱན་གྲུའི་ནང་ངོ་རྒོལ་རྔམ་སྟོན་ཁྲོམ་བསྐོར་ཞིག་བྱས་ཡོད་ཅིང་།ཁོང་ཚོས་མའོའི་དམར་ཤོག་ཚོགས་པའི་འགོ་འཁྲིད་ཚོ་གཞུང་འཛིན་པར་སླར་གསོ་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་པ་དང་།གནད་དོན་དབྱེ་ཞིབ་པ་ཚོས་ད་ལྟའི་བལ་ཡུལ་ནང་གི་ཆབ་སྲིད་བརྟན་ལྷིངས་མེད་པའི་གནས་སྟངས་འདིས་ལོ་ཤས་སྔོན་མའོའི་གྱེན་ལོག་ཚོགས་པ་དང་བལ་ཡུལ་གཞུང་དབར་དམག་འཐབ་མཚམས་འཇོགས་བྱེད་རྒྱུའི་ཞི་བའི་ཆིངས་དོན་བཞག་པ་དེར་དོ་ཕོག་འགྲོ་ཉེན་ཡོད་པ་བརྗོད་བཞིན་ཡོད་པ་རེད།

དམར་ཤོག་ཚོགས་པའི་དར་ཆ་འཁྱེར་ནས་ངོ་རྒོལ་བྱེད་མཁན་དེ་དག་དབུལ་ཞིང་ཕོངས་པའི་བལ་ཡུལ་གྱི་གྲོང་གསེབ་ས་ཁུལ་ནས་ཡོང་པ་ཡིན་པ་དང་།ཁོང་ཚོ་རྒྱལ་ས་ཀཐ་མན་ཌུའི་ནང་གི་སློབ་གྲྭ་ཁག་གི་ནང་བཞག་ཡོད་པ་རེད།ཕྱི་ལོ་༢༠༠༨ལོར་བལ་ཡུལ་ནང་རྩ་ཁྲིམས་གསར་བཟོའི་གྲོས་ཚོགས་ཀྱི་འཐུས་མི་འོས་འདེམས་བྱེད་སྐབས་མའོའི་དམར་ཤོག་ཚོགས་པར་འཐུས་མིའི་གྲངས་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཐོབ་སྟེ་མནའ་མཐུན་གྱི་གཞུང་འཛིན་པར་གྱུར་ཡོད་པ་རེད།འོན་ཀྱང་བལ་ཡུལ་གྱི་དམག་སྤྱི་དགོངས་ཕོག་གཏོང་རྒྱུའི་གནད་དོན་ཐད་བལ་ཡུལ་གྱི་སྲིད་འཛིན་དང་མི་མཐུན་པར་གྱུར་ཏེ།མའོིའི་དམར་ཤོག་ཚོགས་པ་གཞུང་འཛིན་ནས་ཕྱིར་འཐེན་བྱས་ཡོད་པ་དང་།དེ་ནི་གནད་དོན་དབྱེ་ཞིབ་པ་ཚོས་མའོའི་དམར་ཤོག་ཚོགས་པས་ཆབ་སྲིད་ཀྱི་རྩིས་ནོར་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

གཟའ་སྤེན་པའི་ཉིན་གྱི་ངོ་རྒོལ་སྐབས་གཏམ་བཤད་བྱ་མཁན་གྱི་མའོའི་རིང་ལུགས་རྒྱབ་སྐྱོར་བ་ཚོས།ད་ལྟའི་བལ་ཡུལ་གྱི་གཞུང་འཛིན་པ་ཚོས་རྩ་ཁྲིམས་ཟིན་བྲིས་དུས་ཐོག་གཏན་འབེབས་མ་ཐུབ་སྟབས།གཞུང་ཕྱིར་བསྡུ་བྱེད་དེ་མའོའི་ཚོགས་པའི་མི་སྣ་ཆེ་ཁག་ལ་གཞུང་འཛིན་བློན་ཆེན་ལྷན་ཚོགས་ཀྱི་འགོ་འཁྲིད་ཀྱི་་གོ་གནས་སྤྲོད་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།དེ་བཞིན་མའོའི་དམར་ཤོག་ཚོགས་པའི་འགོ་འཁྲིད་རྦ་རྦུ་རམ་རྦ་ཊ་རའི་ཡིས་གལ་ཏེ་གཞུང་ཕྱོགས་ནས་ང་ཚོའི་དགོས་འདུན་ཁག་གཟའ་སྤེན་པ་ནང་ཁུལ་མ་འགྲུབ་ཚེ་གཟའ་ཉི་མ་ནས་བཟུང་ང་ཚོས་དུས་ཚོད་ངེས་མེད་ཀྱི་ངོ་རྒོལ་གྱི་ལས་འགུལ་འགོ་འཛུགས་བྱ་རྒྱུ་ཡིན་ཞེས་ཉེན་བརྡ་ཤུགས་ཆེ་བཏང་ཡོད་པ་རེད།།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎