བལ་ཡུལ་གཞུང་གིས་དོ་དམ་འོག་ཡོད་པའི་ལོ་ཆུང་བུ་ཕྲུག།

བལ་ཡུལ་གཞུང་གིས་ད་ལྟ་དོ་དམ་བཀག་ཉར་འོག་གནས་པའི་ལོ་ཆུང་བུ་ཕྲུག་ཚོའི་ཐོག་མནར་གཅོད་བྱེད་བཞིན་པ་མཚམས་འཇོག་བྱེད་དགོས་པ།

2008.11.19

༄༅༎བལ་ཡུལ་གཞུང་གིས་ད་ལྟ་དོ་དམ་བཀག་ཉར་འོག་གནས་པའི་ལོ་ཆུང་བུ་ཕྲུག་ཚོའི་ཐོག་མནར་གཅོད་བྱེད་བཞིན་པ་དེ་དག་མཚམས་འཇོག་བྱེད་དགོས་ཀྱི་རེད་ཅེས་འགྲོ་བ་མིའི་ཐོབ་ཐང་བལྟ་རྟོགས་ཚོགས་པས་སྤེལ་གནང་བའི་གསར་འགོད་གསལ་བསྒྲགས་ནང་བཀོད་ཡོད་པ་རེད།

དེ་ཡང་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་དེ་རིང་རེས་གཟའ་ལྷག་པའི་ཉིན་སྤེལ་གནང་བའི་གསར་འགོད་གསལ་བསྒྲགས་དེའི་ནང་བལ་ཡུལ་གཞུང་གིས་དོ་དམ་བཀག་ཉར་བྱེད་བཞིན་པའི་ལོ་ཆུང་བུ་ཕྲུག་དེ་ཚོའི་ཐོག་ས་གནས་ཉེན་རྟོག་པས་གང་བྱུང་གིས་ཁོང་ཚོའི་ལུས་པོའི་ཐོག་རྡོག་རྒྱག་གཞུ་བ་དང་ལག་པའི་ཚིགས་ཐོག་སྐྱེལ་བ།རྐང་པར་སྨྱུག་ཤིང་བཙུགས་པ་སོགས་ཚད་ལས་འདས་པའི་མནར་གཅོད་གཏོང་བཞིན་པ་དེ་དག་འཕྲལ་མ་ཉིད་དུ་མཚམས་འཇོག་བྱེད་དགོས་ཀྱི་ཡོད་པ་རེད་ཅེས་བཀོད་ཡོད་པ་རེད།

ཡང་སྦི་ཌི་ཤེ་པ་ཌེ་ཞུ་བ་ཨེ་ཤེ་ཡའི་གནས་ཚུལ་དབྱེ་ཞིབ་པ་ཞིག་ནས་གསུངས་ན་བལ་ཡུལ་གྱི་ཉེན་རྟོག་མི་སྣས་ལོ་ཆུང་བུ་ཕྲུག་ཚོ་སྲུང་སྐྱོབ་བྱེད་རྒྱུའི་ལས་འགན་ཡོད་པ་ལས་བུ་ཕྲུག་ཚོར་མནར་གཅོད་གཏོང་རྒྱུའི་ཐོབ་ཐང་མེད་པ་རེད་ཅེས་སྐྱོན་བརྗོད་གནང་ཡོད་པ་རེད། ཡིན་ནའང་བལ་ཡུལ་གྱི་ཉེན་རྟོག་པའི་མགྲིན་ཚབ་པ་སྦི་ནོརྡ་སིང་ཡིས་བལ་ཡུལ་ཉེན་རྟོག་པས་ལོ་ཆུང་བུ་ཕྲུག་གི་ཐོག་མནར་གཅོད་བྱེད་བཞིན་ཡོད་པ་རེད་ཅེས་པའི་གནས་ཚུལ་དེར་ཁས་ལེན་མ་བྱས་པའི་ཐོག་དེ་སྔ་ལོ་གཉིས་སྔོན་ནས་བལ་ཡུལ་ནང་ལོ་ཆུང་བུ་ཕྲུག་ཚོའི་ཐོར་མནར་གཅོད་བྱེད་མཁན་ས་གནས་ཉེན་རྟོག་པ་དང་ལས་བྱེད་མི་གྲངས་བརྒྱད་དང་བརྒྱད་ཅུ་རྒྱ་དྲུག་ཙམ་ད་དུང་མུ་མཐུད་ཉེས་ཆད་གཏོང་བཞིན་ཡོད་པ་དང་ང་ཚོས་བལ་ཡུལ་ནང་གི་ལོ་ཆུང་བུ་ཕྲུག་ཚོའི་ཐོབ་ཐང་སྲུང་སྐྱོབས་ཆེད་ཁོང་ཚོར་སློབ་སྦྱོང་སྤྲོད་རྒྱུའི་འཆར་གཞིའི་ལས་དོན་ཁག་སྤེལ་བཞིན་པ་ལས་ད་ཆ་མི་སུ་འདྲ་ཞིག་གིས་ལོ་ཆུང་བུ་ཕྲུག་ཚོའི་ཐོག་མནར་གཅོད་གཏོང་མཁན་ཡོག་མ་རེད་ཅེས་གསལ་བཤད་བྱས་ཡོད་པ་རེད། ཡིན་ནའང་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་གསུངས་ན་བལ་ཡུལ་གཞུང་གི་ཉེན་རྟོག་པས་ད་དུང་ཡང་བལ་ཡུལ་ནང་ཡོད་པའི་བུ་ཕྲུག་ལོ་ན་བཅུ་གསུམ་མཚོན་པའི་བུ་ཕྲུག་ཉིས་བརྒྱ་ལྷག་ཙམ་དུ་མནར་གཅོད་གཏོང་བཞིན་ཡོད་པའི་གནས་ཚུལ་ང་ཚོས་གསལ་པོ་ཤེས་རྟོགས་ཡོད་ཅེས་གསར་འགོད་གསལ་བསྒྲགས་དེའི་ནང་བཀོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎