མཁའ་ཐོག་ནས་རྡོ་སྣུམ་དབོར་འདྲེན་གནང་རྒྱུའི་འབོད་སྐུལ།


2015.10.27
བལ་ཡུལ་ནང་རྡོ་སྣུམ་རྫོགས་པའི་རླངས་འཁོར་རུ་བསྒྲིགས་ནས་སྣུམ་རག་པར་སྒུག་བཞིན་པ། ༢༠༡༥།༩།༢༨ བལ་ཡུལ་ནང་རྡོ་སྣུམ་རྫོགས་པའི་རླངས་འཁོར་རུ་བསྒྲིགས་ནས་སྣུམ་རག་པར་སྒུག་བཞིན་པ། ༢༠༡༥།༩།༢༨
ཀླུ་འབུམ། /RFA

རྒྱ་གར་གྱིས་རྒྱལ་མཚམས་ཀྱི་ལམ་ཀ་བཀག་པར་བརྟེན་བལ་ཡུལ་ནང་རྡོ་སྣུམ་སོགས་རྫོགས་པའི་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་པ་རེད།
དེ་ཡང་རྒྱ་གར་ནས་བལ་ཡུལ་ནང་གནམ་གྲུ་དང་མོ་ཊའི་སྣུམ་ནང་འདྲེན་མ་ཐུབ་པར་བལ་ཡུལ་རྒྱལ་ཡོངས་སུ་རྡོ་སྣུམ་མི་འདེངས་བའི་དཀའ་ངལ་འཕྲད་བཞིན་པ་དང་། དཀའ་ངལ་དེ་སེལ་ཐབས་ཐད་བལ་ཡུལ་གཞུང་གིས་ཕྱི་རྒྱལ་གྱི་རྡོ་སྣུམ་ཚོང་ལས་ཁང་ཁག་ལ་རྡོ་སྣུམ་མཁའ་ཐོག་ནས་འོར་འདྲེན་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་དང་།
དེ་ནི་བལ་ཡུལ་ནང་རྩ་ཁྲིམས་གསར་པ་གཏན་འབེབས་བྱས་པའི་རྗེས། བལ་ཡུལ་ནང་དུ་ཡོད་པའི་རྒྱ་གར་མི་རིགས་ཡིན་པའི་བལ་པོའི་མི་སེར་ཡིན་པ་མ་རྡ་ཤི་མི་རིགས་ཚོས། རྒྱ་གར་དང་བལ་ཡུལ་ས་མཚམས་ལྟེ་གནས་སུ་བལ་ཡུལ་གྱི་རྩ་ཁྲིམས་གསར་པར་མོས་མཐུན་མེད་པའི་ངོ་རྒོལ་ལས་འགུལ་མུ་མཐུད་སྤེལ་ནས་ཧ་ལམ་གཟའ་འཁོར་གཉིས་ཙམ་འགྲོ་གི་ཡོད་པར་བརྟེན་ནས་རྒྱ་གར་ནས་བལ་ཡུལ་དུ་རྡོ་སྣུམ་དང་། དངོས་ཟོག་ནང་འདྲེན་བྱེད་རྒྱུར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད།
དེར་བརྟེན་དེ་རིང་ཚེས༨ཉིན་བལ་ཡུལ་གཞུང་གི་རྡོ་སྣུམ་མཐུན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་Bijay Satyalཕེ་རིན་སི་གསར་འགྱུར་ལས་ཁང་གི་བཅར་འདྲིར་དང་ལེན་གནང་སྐབས། བལ་ཡུལ་གཞུང་ཕྱོགས་ནས་རྒྱལ་སྤྱིའི་རྡོ་སྣུམ་ཚོང་ལས་ཁང་ཁག་ལ། བལ་ཡུལ་ནང་དུ་གནམ་ཐོག་ནས་གནམ་གྲུའི་སྣུམ་དང་། རླངས་སྣུམ། ད་དུང་Petrolརྡོ་སྣུམ་དང་། dieselསོགས་མཁོ་འདོན་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད་པའི་སྐོར་གསུངས་ཡོད་པ་རེད།
བལ་ཡུལ་ནང་དུ་དུས་ཆེན་ཆེན་པོ་ཞིག་ཚུགས་གྲབས་ཡོད་པར་བརྟེན་ནས། བལ་པོ་མང་པོ་ཞིག་དུས་ཆེན་སྲུང་བརྩི་བྱེད་པར་རྒྱལ་ས་ཀ་ཐ་མན་གྲུ་ནས་སོ་སོའི་ཕ་ཡུལ་གྲོང་གསེབ་ཏུ་འགྲིམས་འགྲུལ་བྱེད་མཁན་མང་པོ་ཡོད་པར་བརྟེན་ནས་དུས་ཆེན་ཟིན་གྲབས་ཡོད་པའི་སྐབས་དེར། བལ་ཡུལ་གཞུང་གིས་རྒྱལ་སྤྱིའི་ཚོང་ལས་ཁང་ཁག་ལ་རྡོ་སྣུམ་མཁོ་འདོན་ཡོང་བའི་འབོད་སྐུལ་ཞུས་པ་ཞིག་ཡིན་པ་དང་། དེ་སྔ་༡༩༨༩ ལོར་བལ་ཡུལ་གཞུང་གིས་རྒྱ་ནག་ནས་གོ་མཚོན་ཉོ་བསྒྲུབ་བྱས་པར་བརྟེན་ནས་རྒྱ་གར་གྱིས་བལ་ཡུལ་ལ་རྡོ་སྣུམ་ཕྱིར་ཚོང་བཀག་ཏེ་བལ་ཡུལ་ནང་རྡོ་སྣུམ་མི་འདེངས་བའི་དཀའ་ངལ་ཆེན་པོ་འཕྲད་མྱོངས་ཡོད་པ་དང་། བལ་ཡུལ་ཕྱོགས་ནས་ད་རེས་ངོ་རྒོལ་གྱི་ལས་འགུལ་དེའི་རྒྱབ་ལ་རྒྱ་གར་གཞུང་ཐེ་ཇུས་ཡོད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་རྒྱ་གར་གཞུང་གིས་སྐྱོན་བརྗོད་དེར་ངོས་ལེན་མ་གནང་བ་མ་ཟད། རྒྱ་གར་གཞུང་གིས་བལ་ཡུལ་དང་རྒྱ་གར་ས་མཚམས་ཁུལ་དུ་བརྟན་ལྷིང་མེད་པའི་གནས་སྟངས་ལ་བློ་འཚབ་གནང་བའི་ཐོག་ནས་ངོ་རྒོལ་བྱེད་མཁན་དང་གྲོས་མོལ་ཡོང་རྒྱུའི་འབོད་སྐུལ་གནང་ཡོད་པ་རེད་།

གསར་འགོད་པ་གཡུ་སྒྲོན།

ཡང་བལ་ཡུལ་དུ་ཡོད་པའི་ང་ཚོའི་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་ཀྱིས་བཏང་བའི་གནས་ཚུལ་ལྟར་ན། བལ་ཡུལ་གཞུང་གིས་རྒྱ་ནག་ནས་རྡོ་སྣུམ་ནང་འདྲེན་བྱེད་རྒྱུའི་ཐད་གྲོས་མོལ་གནང་བཞིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎