བལ་ཡུལ་ལས་རྩོལ་ལྷན་ཁང་གི་བློན་ཆེན་ལས་གནས་ནས་ཕྱིར་འབུད།
2012.03.24
༄༅༎བལ་ཡུལ་གྱི་སྲིད་བློན་སྦ་སྦུ་རམ་བ་ཏ་རའེ་མཆོག་གིས་བལ་ཡུལ་གྱི་འགྲིམ་འགྲུལ་ལྷན་ཁང་དང་ལས་རྩོལ་ལྷན་ཁང་གི་བློན་ཆེན་ས་རི་ཏ་གིརི་ལས་གནས་ནས་གནས་དབྱུངས་བཏང་ཡོད་པ་རེད། ཁོང་གནས་དབྱུངས་བཏང་དགོས་པའི་རྒྱུ་མཚན་ནི། བལ་ཡུལ་གྱི་ལས་རྩོལ་ལྷན་ཁང་གི་ནང་བལ་ཡུལ་གྱི་ཡུལ་མི་མང་པོ་ཞིག་བར་ལམ་ཞིག་ནས་དཀྱིལ་ཤར་ཡུལ་གྲུ་དང་ལྷོ་ཤར་ཨེ་ཤེ་ཡའི་ཕྱིའི་ཡུལ་གྲུ་དེ་ཚོའི་ནང་ལས་ཀ་བྱེད་པར་བསྐྱོད་རྒྱུའི་ལག་འཁྱེར་དེ་ཚོ་སྤྲོད་དགོས་པའི་གནོན་ཤུགས་སྤྲད་ཡོད་པའི་སྐོར་སོགས་ཀྱི་སྐྱོན་འཛུགས་བྱུང་བའི་རྗེས་ཁོང་ལས་གནས་ནས་ཕྱིར་ཕུད་བཏང་བའི་གནས་ཚུལ་དེ་བྱུང་བཞག།