བལ་ཡུལ་གྱི་སྲིད་འཛིན་རྒྱ་གར་ནང་འཚམས་འདྲི་གནང་བ།

བལ་ཡུལ་གྱི་སྲིད་འཛིན་རའམ་སྦ་རན་ཡ་རྡལྦ་རྒྱ་གར་གྱི་སྲིད་འཛིན་མཆོག་གི་གདན་ཞུ་ལྟར་རྒྱ་གར་ལ་འཚམས་འདྲི་གཟིགས་བསྐོར་ཕེབས་པ།

2010.02.15

༄༅༎བལ་ཡུལ་གྱི་སྲིད་འཛིན་རའམ་སྦ་རན་ཡ་རྡལྦ་རྒྱ་གར་གྱི་སྲིད་འཛིན་མཆོག་གི་གདན་ཞུ་ལྟར་རྒྱ་གར་ལ་འཚམས་འདྲི་གཟིགས་བསྐོར་ལ་ཕེབས་ཡོད་པ་དང་སྲིད་འཛིན་མཆོག་ནས་རྒྱ་གར་ནང་ཉིན་བཞིའི་རིང་བཞུག་བཞག་གིས་རྒྱ་གར་གྱི་སྲིད་འཛིན་ལྕམ་པཱ་ཏི་བ་པ་ཏིལ་མཆོག་དང་སྲིད་བློན་མཱན་མོ་ཧན་སིང་རྣམ་གཉིས་དང་མཇལ་འཕྲད་ཀྱི་མཚོན་མཛད་འཆར་ཁག་ཅིག་སྐྱངས་ཀྱི་ཡོད་པ་རེད་

སྲིད་འཛིན་རའམ་སྦ་རན་ཡ་རྡལྦ་ནི་བལ་ཡུལ་ནང་ལོ་ཤས་གོང་མང་ཚོགས་ཀྱིས་རྒྱལ་པོའི་རིང་ལུགས་ལ་ངོ་རྒོལ་གྱིས་རྒྱལ་པོ་རིང་ལུགས་མེད་པ་བཟོས་པའི་རྗེས་རྒྱལ་ཁབ་ཀྱི་སྲིད་འཛིན་འདེམས་བསྐོ་བྱུང་བ་དང་པོ་དེ་ཡིན་པ་དང་ ཁོང་གི་ཐེངས་འདིའི་གཟིགས་བསྐོར་དེ་ཡང་སྲིད་འཛིན་གྱི་ལས་འཁུར་བཞེས་པའི་རྗེས་ཕྱིའི་ཡུལ་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ཕེབས་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད་ སྲིད་འཛིན་རའམ་སྦ་རན་ཡ་རྡལྦ་གི་མགྲིན་ཚབ་པ་རཱ་ཇེན་རྡར་རྡ་ཧལ་ཞུ་བས་སྲིད་འཛིན་མཆོག་གི་ཐེངས་འདིའི་གཟིགས་བསྐོར་ནི་ཡུལ་གྲུ་ཕྱོགས་གཉིས་ཀྱི་དབར་འབྲེལ་ལམ་དམ་གཟབ་ཡོང་ཆེད་དང་ ད་རེས་ཀྱི་གཟིགས་བསྐོར་དེ་ནི་གཙོ་བོ་འཚམས་འདྲིའི་ངོ་བོར་རང་ཡིན་པ་གསུངས་ཡོད་པ་རེད་ གནས་ཚུལ་ཐོན་ཁོངས་ལ་གཞིགས་ན་ བལ་ཡུལ་གྱི་སྲིད་འཛིན་མཆོག་གི་ལྷན་བལ་ཡུལ་གཞུང་གི་ཡུལ་བསྐོར་སྤྲོ་འཆམ་གྱི་བློན་ཆེན་ཤ་རརྡ་སིང་བན་རྡ་རི་གི་གཙོས་གཞུང་འབྲེལ་དཔོན་རིགས་༢༧་ཙམ་ལྷན་སྐྱེད་ཕེབས་ཡོད་པ་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎