བལ་ཡུལ་གཞུང་གསར་པ་འཛིན་སྐྱོང་བྱ་རྒྱུར་དཀའ་ངལ་ཡོད་ལུཌ།

བལ་ཡུལ་སྲིད་བློན་མཆོག་གིས་དམག་འཁྲུགས་ལས་གཞུང་གསར་པ་འཛིན་སྐྱོང་བྱ་རྒྱུར་དཀའ་ངལ་ཆེ་བ་ཡོད་ལུགས་གསུངས་ཡོད་པའི་གནས་ཚུལ།

2009.02.18

༄༅༎བལ་ཡུལ་གྱི་མོའུ་གྱེན་ལོག་ཤོག་ཁག་གིས་གཞུང་འཛིན་བྱས་ཏེ་རྒྱལ་ཁབ་གསར་པ་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུའི་རེ་བ་ཆེན་པོ་ཞིག་བྱས་ཡོད་ཀྱང་ད་ཆ་མོའུ་གྱེན་ལོག་ཤོག་ཁག་གི་འགོ་ཁྲིད་ཡིན་པ་དང་བལ་ཡུལ་གྱི་སྲིད་བློན་པ་ར་ཅན་དཱ་ཡིས་དེ་སྔ་འདས་པའི་མི་ལོ་བཅུ་ཕྲག་ཅིག་གི་རིང་བལ་ཡུལ་རྒྱལ་ནང་དམག་འཁྲུགས་བྱས་པ་ལས་གཞུང་གསར་པ་འཛིན་སྐྱོང་བྱ་རྒྱུར་དཀའ་ངལ་ཆེ་བ་ཡོད་པ་གསུངས་ཡོད་པ་རེད།

དེ་སྔོན་ལོར་མོའུ་གྱེན་ལོག་ཤོག་ཁག་དང་ཆབ་སྲིད་ཚོགས་པ་ཁག་མཉམ་འབྲེལ་གྱིས་རྒྱལ་རྒྱུད་རིང་ལུགས་ཀྱི་སྲིད་དབང་ལམ་ལུགས་རྩ་མེད་བཟོས་པའི་རྗེས་དེ་སྔ་མི་ལོ་བཅུ་ཕྲག་ཅིག་རིང་བལ་ཡུལ་རྒྱལ་ནང་དམག་འཐབ་བྱས་ཏེ་མི་དམངས་ཆིག་ཁྲི་གསུམ་སྟོང་ལྷག་རྐྱེན་ལམ་དུ་བཏང་བའི་དྲག་འཐབ་ཀྱི་བྱེད་གཏེ་མོའུ་གྱེན་ལོག་ཤོག་ཁག་ལ་ན་ནིང་འོས་བསྡུའི་ནང་རྒྱལ་ཁ་ཆེན་པོ་ཐོབ་སྟེ་མོའུ་གྱེན་ལོག་ཤོག་ཁག་གི་འགོ་ཁྲིད་པ་ར་ཅན་དྰ་ཡིས་སྲིད་བློན་གྱི་ཐུགས་འགན་བཞེས་པ་སོགས་གཞུང་གསར་པའི་སྲིད་དབང་མོའུ་གྱེན་ལོག་ཤོག་ཁག་གིས་འཛིན་ཏེ་འཛམ་གླིང་ནང་གི་རྒྱལ་ཁབ་སྐྱོ་པོ་དེའི་ནང་སྤྱི་ཚོགས་ཀྱི་རྣམ་པ་བཅོས་བསྒྱུར་གཏང་རྒྱུ་སོགས་བལ་ཡུལ་རྒྱལ་ཁབ་གསར་པ་ཞིག་སྐྲུན་རྒྱུའི་རེ་བ་བྱས་ཡོད་ཀྱང་ད་ཆ་དམིགས་ཡུལ་གྱི་རེ་བའི་ཁ་ཕྱོགས་སུ་མདུན་བསྐྱོད་བྱེད་མི་ཐུབ་པར་དེ་ལས་ལྡོག་སྟེ་མོའུ་གྱེན་ལོག་ཤོག་ཁག་དང་དམག་དཔུང་བར་ལ་མ་འོངས་པའི་ཁོང་ཚོ་སོ་སོའི་དམག་ཞབས་རྙིང་པ་ཚོའི་མི་ཚེའི་ཐག་གཅོད་ཐོག་ལ་རྩོད་གླེང་བྱེད་པའི་གནད་དོན་དང་ལྷག་པར་དུ་དེང་སྐབས་རྒྱལ་སྤྱིའི་དཔལ་འབྱོར་གྱི་གནས་སྟངས་དཀའ་ཚེགས་ཅན་དུ་གྱུར་བར་བརྟེན་ནས་མ་ལེ་ཤིཡ་དང་དཀྱིལ་ཤར་ཡུལ་གྲུའི་ནང་ལས་ཀ་བྱེད་དུ་བསྐྱོད་པའི་བལ་པོའི་མི་དམངས་མང་པོ་ཞིག་བལ་ཡུལ་དུ་ཕྱིར་ལོག་བྱས་ཏེ་བལ་ཡུལ་ནང་ལས་མེད་ཀྱི་གྲངས་འབོར་འཕེལ་རྒྱས་འགྲོ་བ་སོགས་ཆབ་སྲིད་ཀྱི་དཀའ་རྙོག་ཆེ་རུ་འགྲོ་བཞིན་ཡོད་པ་རེད༎

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎