བལ་ཡུལ་གྱི་རྩ་ཁྲིམས་གསར་བཟོའི་ཐད་ཀྱི་དཀའ་རྙོག

བལ་ཡུལ་གྱི་རྩ་ཁྲིམས་གསར་པ་ཟིན་བྲིས་ཀྱི་གནད་དོན་ཐོག་ཆབ་སྲིད་ཚོགས་པ་ཁག་དབར་བསམ་ཚུལ་མི་མཐུན་པའི་ཟང་ཟིང་གི་ཉེན་ཁ་འདུག

2011.06.21

༄༅༎བལ་ཡུལ་གྱི་རྩ་ཁྲིམས་གསར་པ་ཟིན་བྲིས་ཀྱི་དུས་བཀག་ནང་མ་འགྲུབ་པར་བརྟེན་དུས་ཚོད་འཕར་འགྱང་བྱ་རྒྱུའི་གནད་དོན་ཐོག་ཆབ་སྲིད་ཚོགས་པ་ཁག་དབར་བསམ་ཚུལ་མི་མཐུན་པའི་ཟང་ཟིང་གི་ཉེན་ཁ་ཆེན་པོ་ཡོད་པ་རེད།

བལ་ཡུལ་གྱི་མའོ་གྱེན་ལོག་ཤོག་ཁག་གིས་འདས་པའི་མི་ལོ་བཅུ་ཕྲག་གཉིས་ཙམ་རིང་རྒྱལ་རྒྱུད་རིང་ལུགས་མེད་པ་བཟོ་རྒྱུའི་ཆེད་དུ་གཞུང་དང་མའོ་གྱེན་ལོག་ཤོག་ཁག་དབར་དྲག་པོའི་འཐབ་འཁྲུག་རྒྱབ་པའི་མཐར་རྒྱལ་རྒྱུད་རིང་ལུགས་མེད་པ་བཟོས་པ་མ་ཟད། མའོ་ཤོག་ཁག་དང༌། ཆབ་སྲིད་ཀྱི་ཚོགས་གཞན་གཉིས་འགྲིག་འཇགས་ཀྱིས་གཞུང་གསར་པ་གསར་འཛུགས་བྱས་པའི་རྗེས། ༢༠༠༨ ལོའི་འོས་བསྡུའི་སྐབས་མའོ་གྱེན་ལོག་ཤོག་ཁག་ལ་རྒྱལ་ཁ་ཆེན་པོ་ཐོབ་ཏེ་བལ་ཡུལ་གྲོས་ཚོགས་ཀྱི་འཐུས་མི་༦༠༡ ཡོད་པ་ཚོར་རྩ་ཁྲིམས་གསར་པ་ཟིན་བྲིས་ཀྱི་དུས་བཀག་ལོ་གཉིས་སྤྲད་ཡོད་པ་རེད། རྩ་ཁྲིམས་གསར་པ་ནི། ལོ་གཉིས་ཀྱི་དུས་ཚོད་ནང་མ་འགྲུབ་པར་བརྟེན་༢༠༡༠ ལོར་ལོ་གཅིག་འཕར་མ་དུས་འགྱངས་གནང་ཡོད་པ་རེད། བལ་ཡུལ་ནང་རྩ་ཁྲིམས་གསར་བཟོའི་ལས་དོན་ལ་དཀའ་རྙོགས་མང་པོ་ཞིག་གདོང་ལེན་བྱེད་དགོས་པའི་རྐྱེན་གྱིས་ཁ་སྔོན་ཕྱི་ཟླ་ལྔ་པའི་ཟླ་མཇུག་ཏུ་ཆབ་སྲིད་ཚོགས་པའི་དབུ་ཁྲིད་ཚོས་སླར་ཡང་ཟླ་བ་གསུམ་དུས་ཚོད་འཕར་འགྱངས་བྱ་རྒྱུའི་གྲོས་ཆམ་བྱུང་ཡོད་ཀྱང་ད་ཆ་དངོས་སུ་མོས་མཐུན་བྱུང་མེད་པ་རེད།  གནས་ཚུལ་དབྱེ་ཞིབ་པ་ཚོས། ཆབ་སྲིད་ཚོགས་པ་ཁག་དབར་བསམ་ཚུལ་མི་མཐུན་པའི་གནས་སྟངས་དེ་ཡིས་ཆབ་སྲིད་ཀྱི་ཟང་ཟིང་ཡོང་རྒྱུའི་ཉེན་ཁ་ཡོང་རྒྱུ་ཡིན་པ་ངོས་འཛིན་གནང་གི་ཡོད་ཅིང༌། དེ་ཡང་རྒྱལ་ས་ཀ་ཐ་མན་གྲུའི་གཙུག་ལག་སློབ་གཉེར་ཁང་གི་ཆབ་སྲིད་མཁས་དབང་ཞིག་གིས། བལ་ཡུལ་གྲོས་ཚོགས་ཀྱི་འཐུས་མི་ཚོས། ཕྱི་ཟླ་བརྒྱད་པའི་ཚེས་༣༡ བར་དུས་ཚོད་གསར་པ་འཕར་འགྱངས་བྱ་རྒྱུའི་མོས་མཐུན་མ་བྱུང་བ་དེ་ཡིས་ཆབ་སྲིད་ཀྱི་དཀའ་རྙོགས་འཕྲད་རྒྱུའི་ཉེན་བརྡ་ཞིག་ཡིན་པ་དང༌། ད་ལྟའི་བལ་ཡུལ་གྱི་སྲིད་འཛིན་རམ་སྦ་རན་ཡ་རྡལྦ་ཡིས་དབང་ཆའི་འཐབ་རྩོད་གནང་གཙོ་བོའི་མི་སྣ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་ཁོང་གི་ཆབ་སྲིད་ཚོགས་པ་ནེ་པལ་ཀོང་རེ་སི་ཚོགས་པའི་ངོས་ནས་ཁོང་ལ་རྒྱབ་སྐྱོར་བྱ་རྒྱུ་མིན་པར་བརྟེན། གནས་སྟང་དེའི་ཐོག་ནས་ཕལ་ཆེར་མའོ་གྱེན་ལོག་ཤོག་གིས་དབང་ཆ་འཛིན་རྒྱུའི་གོ་སྐབས་ཡོད་པར་ངོས་འཛིན་གནང་གི་ཡོད་ཅེས་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎