བལ་ཡུལ་ནང་སྲོལ་རྒྱུན་གྱི་ལོ་གསར་སྲུང་བརྩི་གནང་བ།
2010.11.07
༄༅༎བལ་ཡུལ་ནང་སྲོལ་རྒྱུན་གྱི་སམ་བྭཏ་རྒྱལ་ལོ་༡༡༣༡གསར་དུ་བཞད་པའི་ལོ་གསར་སྲུང་བརྩི་ཞུས་ཡོད་འདུག
བལ་ཡུལ་གྱི་ནེ་པལ་སམ་བྭཏ་ཞེས་ནག་རྩིས་ལ་གཞི་བཅོལ་བའི་ལོ་ཐོ་དེ་བཞིན་སྟོན་པ་ཡེ་ཤུའི་མ་བྱོན་གོང་ལོ་༨༨༠ལོར་དར་བ་ཞིག་ཡིན་པ་དང་ སྐབས་དེར་ཀཐ་མན་དྲུའི་ཚོང་པ་ཤངྑ་རྡར་ཤཁ་ལྦ་ཞེས་པས་ཡུལ་མི་དཀྱུས་མ་ཚོའི་བུ་ལོན་ཚང་རང་ཉིད་ཀྱིས་འཇལ་བའི་བྲན་གཡོག་བཅིངས་འགྲོལ་བཏང་བའི་ལོ་རྒྱུས་ཡོད་འདུག། ལོ་ཐོ་དེ་བཞིན་ལོ་༨༨༨་བྱེད་སྤྱོད་བཏང་བའི་རྗེས་སུ་ཕྱི་ལོ་༡༩༦༠་ལོར་རྒྱལ་པོ་ལྦིཀ་རམ་གྱིས་ལྦིཀ་རམ་སམ་བྭཏ་གསར་བསྟོད་ཀྱིས་དེ་སྔའི་ལོ་ཐོ་རྩིས་མེད་བཏང་ཡོད་འདུག། འོན་ཀྱང་ཕྱི་ལོ་༢༠༠༧རྒྱལ་ཁབ་ནང་དམངས་གཙོའི་གཞུང་དབུ་བརྙེས་པ་བཟུང་དེ་སྔའི་སྲོལ་རྒྱུན་གྱི་ལོ་ཐོ་བསྐྱར་གསོའི་གནང་རྒྱུའི་འབད་བརྩོན་གནང་མུས་ཡིན་འདུག།