བལ་ཡུལ་ནང་མི་འབོར་ཞིབ་བཤེར་འགོ་བཙུགས།

བལ་ཡུལ་གྱི་༢༠༡༡ལོའི་མི་འབོར་ཞིབ་བཤེར་གྱི་རིམ་པ་དང་པོའི་ལས་དོན་འགོ་བཙུགས་བྱས་ཡོད་པ་རེད།

2011.05.15

༄༅༎བལ་ཡུལ་གྱི་༢༠༡༡ ལོའི་མི་འབོར་ཞིབ་བཤེར་གྱི་རིམ་པ་དང་པོའི་ལས་དོན་ནི་དེ་རིང་རེས་གཟའ་ཉི་མ་ནས་འགོ་བཙུགས་བྱས་ཡོད་པ་རེད།

དེ་རིང་བལ་ཡུལ་གྱི་མི་འབོར་ཞིབ་བཤེར་ལས་ཁང་གི་འགོ་ཁྲིད་རུ་ཌ་ར་སུ་ལྦལ་ཞུ་བས་གསུང་ན། མི་འབོར་ཞིབ་བཤེར་གྱི་ལས་གཞི་རིམ་པ་དང་པོ་དེ་ནི། དེ་རིང་ནས་འགོ་བཙུགས་ཏེ་ཉིན་གྲངས་༡༨ རིང་ལ་སྤྱིར་བཏང་གི་གནས་ཚུལ་རྒྱུས་ལོན་བྱ་རྒྱུ་དེ་ཡིན་པ་དང༌། དཔེར་ན། ཁྱིམ་ཚང་ངམ་དུད་ཚང་ག་ཚོད་ཡོད་མེད་དང༌། ཁྱིམ་ཚང་གཅིག་ནང་ལ་ནང་མི་ག་ཚོད་ཡོད་མེད་ཀྱི་གྲངས་ཀ་ཤེས་རྟོག་ཡོང་རྒྱུ། དེ་བཞིན་ཁྱིམ་ཚང་གི་རྒན་འགོ་སུ་ཡིན་མིན། ཁོང་ཚོའི་འཚོ་རྟེན་དང་ལས་ཀ་ག་རེ་བྱེད་ཀྱི་ཡོད་མེད་ཀྱི་གནས་ཚུལ་མཁོ་གྲུབ་བྱེད་རྒྱུ་ཡིན་པ་དང༌། དེ་རྗེས་སྤྱི་བཏང་གི་གནས་ཚུལ་དེ་དག་མཁོ་གྲུབ་བྱས་པར་གཞི་བཞག་ཏེ། མི་འབོར་ཞིབ་བཤེར་གྱི་ལས་གཞི་དངོས་གཞི་དེ་ཕྱི་ཟླ་དྲུག་པའི་ཚེས་༡༧ ནས་འགོ་བཙུགས་རྒྱུ་ཡིན་ལུགས་དང༌། ལས་གཞི་དེའི་ནང་སྦྱོང་བརྡར་ཡོད་པའི་ལས་མི་གསུམ་ཁྲི་བཞི་སྟོང་ཡིས། གྲོང་གསེབ་ཡར་རྒྱས་ཚོགས་ཆུང་ཁག་གསུམ་སྟོང་དགུ་བརྒྱ་དང་གྲོང་སྡེ་ལྷན་ཁང་ཁག་༥༨ ནང་ལས་དོན་བྱ་རྒྱུ་ཡིན་པ་གསུང་ཡོད་པ་རེད། བལ་ཡུལ་ནང་ལོ་བཅུ་རེའི་ཐོག་མི་འབོར་ཞིབ་བཤེར་བྱེད་སྲོལ་ཡོད་པ་ལྟར། ད་རེས་མི་འབོར་ཞིབ་གཤེར་གྱི་ལས་དོན་དེར་རིམ་པ་ཁག་གཉིས་བྱ་རྒྱུ་ཡིན་ཞིང༌། རིམ་པ་དང་པོ་དེ་ཕྱི་ཟླ་ལྔ་པའི་ཚེས་༡༥ ནས་འགོ་བཙུགས་ཏེ། ཕྱི་ཟླ་དྲུག་པའི་ཚེས་༡ བར་དང༌། རིམ་པ་གཉིས་པ་དེ། ཕྱི་ཟླ་དྲུག་པའི་ཚེས་༡༧ ནས་འགོ་བཙུགས་ཏེ། ཕྱི་ཟླ་དྲུག་པའི་ཚེས་༢༧ བར་བྱ་རྒྱུ་ཡིན་ཞིང༌། ལས་རིམ་དང་པོ་དེའི་ཐོག་རྟོག་ཞིབ་བྱེད་མཁན་མི་གྲངས་བརྒྱད་སྟོང་ལྔ་བརྒྱ་ཙམ་འགྲེམས་འཇོག་བྱ་རྒྱུ་དང༌། བལ་ཡུལ་གྱི་སྐད་ཡིག་མ་ཤེས་མཁན་ཚོར་སྟབས་བདེ་ཡོང་ཆེད་འདྲི་བ་རྣམས་སྐད་ཡིག་མི་འདྲ་བ་བཅུའི་ཐོག་བྲིས་ཡོད་པ་དང༌། དེ་ནི་བལ་ཡུལ་གྱི་མི་འབོར་ཞིབ་བཤེར་ལས་ཁང་ནས་མཐུན་རྐྱེན་སྦྱར་བ་ཐེངས་དང་པོ་ཡིན་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎