བལ་ཡུལ་གྱི་སྲིད་འཛིན་དང་པོའི་འོས་མིའི་སྐོར།

བལ་ཡུལ་གྱི་གཙོ་བོའི་ཆབ་སྲིད་ཚོགས་པ་ཁག་གིས་མ་འོངས་པའི་རྒྱལ་ཁབ་ཀྱི་སྲིད་འཛིན་དང་པོ་སུ་ལ་འོས་མིན་གྱི་རྩད་འཚོལ་བྱེད་བཞིན་ཡོད་པ།

2008.07.15

༄༅༎ཁ་སྔོན་བལ་ཡུལ་རྒྱལ་ཁབ་དེ་བཞིན་དམངས་གཙོ་མནའ་སྦྲེལ་སྤྱི་མཐུན་རྒྱལ་ཁབ་ཏུ་གསར་འཛུགས་གནང་བའི་གསལ་བསྒྲགས་བྱས་པའི་རྗེས་བལ་ཡུལ་གྱི་གཙོ་བོའི་ཆབ་སྲིད་ཚོགས་པ་ཁག་གིས་མ་འོངས་པའི་རྒྱལ་ཁབ་ཀྱི་སྲིད་འཛིན་དང་པོ་སུ་ལ་འོས་མིན་གྱི་རྩད་འཚོལ་བྱེད་བཞིན་ཡོད་པ་རེད།

དེ་ཡང་ཁ་སྔོན་ཕྱི་ཟླ་ལྔ་པའི་ནང་གསར་དུ་འོས་འདེམས་བྱས་པའི་བལ་པོའི་གྲོས་ཚོགས་ཀྱི་ཐོག་ནས་མི་ལོ་བརྒྱ་ཕྲག་མང་པོ་ཕྱིན་པའི་རྒྱལ་རྒྱུད་རིང་ལུགས་མེད་པ་བཟོས་ཏེ་ད་ཆ་བལ་པོའི་རྒྱལ་ཁབ་དེ་བཞིན་སྤྱི་མཐུན་རྒྱལ་ཁབ་ཅིག་ཡིན་པའི་གཏན་འཁེལ་གསལ་བསྒྲགས་བྱས་ཡོད་ཅིང༌། ཡིན་ནའང་ཆབ་སྲིད་ཚོགས་པ་ཁག་གི་བར་ལ་མནའ་སྦྲེལ་གྱི་གཞུང་འཛིན་གསར་འཛུགས་བྱ་ཕྱོགས་ཐོག་རྩོད་གཞིར་གྱུར་ཏེ་དངོས་སུ་གཞུང་གསར་པ་བཙུགས་ཐུབ་ཀྱི་མེད་པ་རེད། དེའང་སྲིད་འཛིན་བསྐོ་བཞག་བྱ་རྒྱུ་དེ་ནི་གཞུང་གསར་པ་གསར་འཛུགས་ཀྱི་གལ་ཆེའི་མདུན་བསྐྱོད་ཀྱི་གོམ་པ་དང་པོ་ཡིན་པར་བརྟེན་དེ་རིང་བལ་ཡུལ་གྱི་ཆབ་སྲིད་ཚོགས་པ་གཙོ་བོ་ཡིན་པ་བལ་ཡུལ་ཀོང་རེསི་ཚོགས་པ་དང་མའོ་དམར་ཤོག་ཚོགས་པ། མག་སེ་སི་ དང་ ལེ་ནིན་མཉམ་སྦྲེལ་ཚོགས་པའི་དབུ་ཁྲིད་བར་ལ་སྲིད་འཛིན་དང་པོ་སུ་ལ་འོས་མིན་གྱི་གྲོས་མོལ་བྱས་ཡོད་ཀྱང་གྲོས་འཆམ་གང་ཡང་བྱུང་མེད་པ་རེད། དེ་ནི་བལ་ཡུལ་ཀོང་རེསི་ཚོགས་པའི་ངོས་ནས་ཁོང་ཚོའི་ཚོགས་པའི་དབུ་ཁྲིད་ད་ལྟའི་བལ་ཡུལ་གྱི་སྲིད་བློན་གིར་ཇ་པར་སའརྡེ་ཀོའེ་རེ་ལ་ སྲིད་འཛིན་དུ་བསྐོ་བཞག་བྱེད་དགོས་པའི་དགོས་འདུན་བཏོན་པ་དང་དེ་དང་ཆབས་ཅིག་བལ་ཡུལ་གྱི་མག་སེ་སི་དང་ལེ་ནིན་དམར་ཤོག་ཚོགས་པའི་ངོས་ནས་ཁོང་ཚོའི་ཚོགས་པའི་འགོ་ཁྲིད་མ་རྡལྦ་ཀུ་མའར་སྲིད་འཛིན་དུ་བསྐོ་བཞག་བྱ་དགོས་པའི་འདོད་ཚུལ་བཏོན་ཡོད་ཅིང༌། ཡིན་ནའང་མའོ་དམར་ཤོག་ཚོགས་པའི་ངོས་ནས་གོང་གསལ་ཚོགས་པ་གཉིས་སོ་སོའི་དབུ་ཁྲིད་སྲིད་འཛིན་དུ་ངོ་སྦྱོར་བྱས་པ་གཉིས་ཀ་མི་དགོས་པར་སྲིད་འཛིན་ནི་ངེས་པར་དུ་ཆབ་སྲིད་མི་སྣ་མ་ཡིན་པ་ཞིག་དགོས་པའི་དགོས་འདུན་བཏོན་ཏེ་སྲིད་འཛིན་བསྐོ་བཞག་ཐད་ཆབ་སྲིད་ཚོགས་པ་དེ་དག་བར་གྱི་དགོངས་ཚུལ་མཐུན་གྱི་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎