བལ་ཡུལ་གཞུང་གི་ཐོངས་མཆན་དྲ་གནས་བརྒྱུད་སྤྲོད་འཆར།

བལ་ཡུལ་གཞུང་གིས་རྒྱལ་ཁབ་ནང་བསྐྱོད་རྒྱུའི་ཐོངས་མཆན་དྲ་གནས་བརྒྱུད་སྤྲོད་འཆར་ཡོད་པའི་གསལ་བསྒྲགས་བྱས་ཡོད་པ།

2009.08.05

༄༅༎བལ་ཡུལ་གཞུང་གིས་ཕྱི་མི་ཡུལ་དེར་བསྐྱོད་ཆོག་པའི་ཐོངས་མཆན་དྲྭ་རྒྱ་བརྒྱུད་ནས་སྤྲོད་རྒྱུའི་ལམ་སྲོལ་གསར་གཏོད་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག

བལ་ཡུལ་གྱི་ཕྱི་མི་གཞི་སྤོ་ལས་ཁུངས་ཀྱིས་གསལ་བསྒྲགས་སྤེལ་དོན་ལྟར་ན།སླད་ཕྱིན་ཆད་ནས་ཕྱི་རྒྱལ་མི་རིགས་བལ་ཡུལ་ན་བསྐྱོད་མཁན་ཚོས།ས་གནས་ཀྱི་བལ་ཡུལ་གཞུང་ཚབ་ཁང་དུ་ཆེད་མངགས་འགྲོ་མི་དགོས་པར་སོ་སོའི་ནང་ནས་དྲྭ་རྒྱ་བརྒྱུད་ཐོངས་མཆན་ཞུས་ཏེ་བསྐྱོད་ན།བལ་ཡུལ་གྱི་རྒྱལ་ས་ཀཐ་མན་གྲུའི་ཏི་རི་བྷུ་ཝན་ཞེས་པའི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་མ་ཐག་ཐོངས་མཆན་གནང་རྒྱུ་ཡིན་ལུགས་བལ་ཡུལ་གྱི་དྲྭ་རྒྱ་མའེ་རི་པབ་ལི་ཀ་ཞེས་པའི་ཐོག་རེས་གཟའ་ལྷག་པའི་ཉིན་གསལ་བསྒྲགས་བྱས་ཡོད་འདུག

ད་ལྟའི་སྐབས་སུ་གནམ་ཐང་དེར་ཐོངས་མཆན་གྱི་སྙན་ཞུ་ཡིག་ཐོག་ནས་ལེན་གྱི་ཡོད་སྟབས།དོན་མེད་འགོར་གཞི་ཆེན་པོ་ཡོད་པའི་དཀའ་ངལ་སེལ་ཐབས་སུ་མ་འོངས་པར་དྲྭ་རྒྱའི་ཐོག་སྔོན་ཚུད་ནས་སྙན་ཞུ་ལེན་རྒྱུར་ཐག་གཅོད་བྱས་པ་མ་ཟད་ལམ་སྲོལ་གསར་པ་ལམ་ལྷོང་ཡོང་བའི་ཆེད་དུ།དེང་དུས་ཀྱི་ཀོམ་པུ་ཊར་ཡར་རྒྱས་མཁོ་གྲུབ་དང་དམིགས་བསལ་ལས་ཁུངས་གཉིས་གསར་འཛུགས་ཀྱིས་གང་ལྟར་ཐོངས་མཆན་ལས་སླ་པོའི་ཐོག་ནས་སྤྲོད་རྒྱུ་ཡིན་པའི་སྐོར།ཕྱི་མི་གཞི་སྤོ་ལས་ཁུངས་ཀྱི་འགན་འཛིན་ དམག་སྤྱི་མ་དྷཝ་རཇེ་རེག་མི་ཡིས་གསུངས་གནང་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎