འཛམ་གླིང་ནང་གི་རི་བོ་མཐོ་ཤོས་ཚང་མར་འཛེགས་ཟིན་ཡོད་འདུག


2015.01.09
བལ་ཡུལ་གྱི་བེུད་རི་འཛེགས་ཚོགས་པ་ཕྱིར་བལ་ཡུལ་ལ་འབྱོར་སྐབས། ༢༠༡༥།༡།༩ བལ་ཡུལ་གྱི་བེུད་རི་འཛེགས་ཚོགས་པ་ཕྱིར་བལ་ཡུལ་ལ་འབྱོར་སྐབས། ༢༠༡༥།༡།༩
དྲ་བཤུས

བལ་ཡུལ་གྱི་བེུད་རི་འཛེགས་ཚོགས་པ་ཞིག་གི་ཚོགས་མི་ཚོ་འཛམ་གླིང་ནང་གི་རི་བོ་མཐོ་ཤོས་ཚང་མར་འཛེགས་ཟིན་ཡོད་འདུག    
དེ་ཡང་བལ་ཡུལ་གྱི་བེུད་རི་འཛེགས་ཚོགས་པའི་ཚོགས་མི་ཚོས་ཉིས་སྟོང་བརྒྱད་ལོར་ཇོ་མོ་གླང་མར་འཛེགས་པ་ནས་འགོ་བཙུགས། ཕྱི་ལོ་ཉིས་སྟོང་བཅུ་བཞི་ལོའི་ཕྱི་ཟླ་བཅུ་གཉིས་པའི་ཚེས་༢༣བར་གོ་ལའི་གླིང་ཆེན་བདུན་ནང་གི་རི་བོ་མཐོ་ཤོས་ཚང་མར་འཛེགས་ནས་ད་རེས་གཟའ་པ་སངས་ཉིན་རི་བོ་མཐོ་ཤོས་མཐའ་མ་Antarcticaགླིང་ཆེན་ནང་གི་རི་བོ་ཁག་འཛེགས་པའི་རྗེས་བལ་ཡུལ་ནང་བདེ་འབྱོར་བྱུང་ཡོད་པ་དང་། བལ་ཡུལ་གནམ་ཐང་དུ་འབྱོར་བའི་སྐབས་མི་མང་པོས་དགའ་བསུ་ཞུས་ཡོད་ཅིང་། བེུད་རི་འཛེགས་ཚོགས་པ་དེའི་འགན་འཛིན་Shailee Basnet ནས་ཁོང་ཚོས་མུ་མཐུད་ནས་རི་འཛེགས་ཀྱི་དམིགས་ཡུལ་མཐོ་རུ་གཏོང་རྒྱུའི་འདུན་པ་གསལ་སྟོན་བྱས་ཡོད་པ་རེད། བེུད་རི་འཛེགས་ཚོགས་པ་དེར་ཚོགས་མི་བདུན་ཡོད་ཅིང་། ཡིན་ནའི་ད་རེས་Antarctica གླིང་ནང་རི་འཛེགས་སུ་བསྐྱོད་རྒྱུར་འགྲོ་གྲོན་གྱི་མི་འདང་བའི་དབང་གིས་ཚོགས་མི་བཞི་ལས་བསྐྱོད་ཐུབ་མེད་པ་རེད། བལ་ཡུལ་གྱི་རི་འཛེགས་ལྷན་ཚོགས་ཀྱིས། དེ་ནི་བེུད་གཅིག་པུ་ཡིན་པའི་རི་འཛེགས་ཚོགས་པས་འཛམ་གླིང་ནང་གི་རི་བོ་མཐོ་ཤོས་མང་ཆེ་བ་འཛེགས་ཐུབ་ཡོད་པ་ར་འཕྲོད་གནང་ཡོད་འདུག བལ་ཡུལ་ནང་འཛམ་གླིང་ནང་ནས་རི་བོ་མཐོ་ཤོས་༡༤ཙམ་ཡོད་པ་དང་། བེུད་རི་བོ་འཛེགས་མཁན་ཉུང་ཉུང་ཡིན་ཞིང་། འཛམ་གླིང་ཡུལ་གྲུ་ཁག་ནས་ཇོ་མོ་གླང་མ་འཛེགས་མཁན་མི་གྲངས་༤༠༠༠ལྷག་ཡོད་པ་དང་། དེའི་ནང་ནས་ཕྱེད་ཀ་ཙམ་བལ་ཡུལ་གྱི་མི་ཡིན་ཞིང་། ཡིན་ན་ཡང་དེའི་ནང་བེུད་བཅུ་གྲངས་ཤིག་ལས་མེད་པ་རེད། དེར་བརྟེན་གོང་ཞུས་བེུད་རི་འཛེགས་ཚོགས་པ་དེས། བལ་ཡུལ་ནང་རི་འཛེགས་མཁན་སྐྱེས་པ་མ་གཏོགས་མེད་པའི་གནས་སྟངས་དེར་འགྱུར་བ་གཏོང་ཐབས་ཆེད་བེུད་རི་འཛེགས་ཚོགས་པ་དེ་བཙུགས་ནས་ཇོ་མོ་གླང་མ་གཙོས་པའི་འཛམ་གླིང་གི་རི་བོ་མཐོ་ཤོས་ཚང་མར་འཛེགས་ཐུབ་རྒྱུར་གདོང་ལེན་བྱས་ཡོད་པ་རེད།
གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎