བལ་ཡུལ་གྲོས་ཚོགས་ཀྱིས་དམིགས་བསལ་ཚོགས་འདུ་བསྐོང་བ།

བལ་ཡུལ་གྱི་སྲིད་འཛིན་གྱིས་བཀོད་ཁྱབ་འོག་རེས་གཟའ་ཉི་མའི་ཉིན་གྲོས་ཚོགས་ཀྱི་དམིགས་བསལ་ཚོགས་ཐེངས་ཤིག་གནང་ཡོད་འདུག

2010.12.19

༄༅༎བདུན་ཕྲག་སྔོན་མ་མའོ་དམར་ཤོག་ཆིག་སྒྲིལ་ཚོགས་པ་གཙོས་པའི་སྲིད་དོན་ཚོགས་པ་ཆུང་ཁག་གི་ཁྲིམས་བཟོ་བ་༡༨༧གྱིས་གྲོས་ཚོགས་ཀྱི་དམགས་བསལ་ཚོགས་ཐེངས་ཤིག་འཚོགས་དགོས་ལུགས་སྲིད་འཛིན་རམ་བྭ་རན་ཡ་རྡབ་མཆོག་ལ་ཡིག་ཐོག་སྙན་ཞུས་ཕུལ་བ་བཞིན་སྲིད་འཛིན་གྱིས་བཀོད་ཁྱབ་འོག་རེས་གཟའ་ཉི་མའི་ཉིན་གྲོས་ཚོགས་ཀྱི་དམིགས་བསལ་ཚོགས་ཐེངས་ཤིག་གནང་ཡོད་འདུག

གྲོས་ཚོགས་ཀྱི་ལས་དམིགས་བསལ་ཚོགས་འདུའི་ལས་རིམ་འདོན་གནང་བ་ལྟར་ཁྲིམས་བཟོ་རྣམས་རེས་གཟའ་ཉི་མའི་ཚོགས་བཅར་ཞུ་དང་དམིགས་བསལ་ཚོགས་འདུ་རེས་གཟའ་ཟླ་བའི་ཉིན་འགོ་འཛུགས་གནང་རྒྱུ་ཡིན་འདུག གྲོགས་ཚོགས་གཙོ་སྐྱོང་བ་སུ་བྭ་ཤེ་ཅནྡར་ནེམ་ལྦང་གིས་དམིགས་བསལ་ཚོགས་འདུའི་ཐོག་སྲིད་འཛིན་རམ་བྭ་རན་ཡ་རྡབ་མཆོག་གི་ཚོགས་བརྡ་སྙན་སྒྲོན་དང་སྦྲགས་མའོ་དམར་ཚོགས་ཚོགས་པའི་དབུ་ཁྲིད་ལ་དམིགས་བསལ་ཚོགས་ཐེངས་འདིའི་སྐོར་དགོས་པ་དང་དམིགས་ཡུལ་ཇི་ཡིན་གཏམ་གནང་རྒྱུའི་གོས་སྐབས་ཕུལ་རྒྱུ་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎