བལ་ཡུལ་གྱི་སྲིད་བློན་རྒྱ་གར་ལ་གཞུང་འབྲེལ་འཚམས་གཟིགས།
2008.09.15
༄༅༎བལ་ཡུལ་གྱི་སྲིད་བློན་པར་ཅན་རྡ་རེས་གཟའ་ཉི་མའི་ཉིན་རྒྱ་གར་ནང་གཞུང་འབྲེལ་གཟིགས་བསྐོར་ལ་ཕེབས་ཡོད་པ་རེད་ རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གི་གསལ་བསྒྲགས་ནང་ བལ་ཡུལ་གྱི་སྲིད་བློན་མཆོག་ནས་དེ་རིང་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་དང་མཇལ་འཕྲད་གནང་གི་ཡོད་སྐོར་གསུངས་ཡོད་པ་རེད་
བལ་ཡུལ་གྱི་སྲིད་བློན་པར་ཅན་རྡས་ ཁོང་ད་རེས་རྒྱ་གར་ནང་གཟིགས་བསྐོར་ཕེབས་པ་དེ་ནི་ ཁོང་གིས་སྲིད་བློན་གྱི་ཐུགས་འཁུར་བཞེས་པའི་རྗེས་ ཕྱི་ཕྱོགས་སུ་གཞུང་འབྲེལ་གཟིགས་བསྐོར་བསྐྱངས་པ་དང་པོ་དེ་རྒྱ་གར་ལ་ཕེབས་པ་ཞིག་ཡིན་སྐོར་གསུངས་ཀྱི་ཡོད་པ་རེད་ དེ་ནི་རྒྱ་གར་གཞུང་གི་ནང་ ཁོང་ནས་བལ་ཡུལ་གྱི་སྲིད་བློན་གྱི་གོ་གནས་ལ་ཕེབས་མ་ཐག་ སྐབས་དེར་རྒྱ་ནག་ལ་ཚུགས་པའི་ཨོ་ལིམ་པིག་གི་མཇུག་སྡོམ་གྱི་མཛད་སྒོར་ཚོགས་ཞུགས་ཆེད་རྒྱ་ནག་ལ་ཕེབས་ཡོད་པར་ དེ་ནི་སྤྱི་ཡོངས་སུ་བལ་ཡུལ་ནང་མའོ་འགོ་ཁྲིད་ སྲིད་བློན་ལ་འཁོད་པའི་རྗེས་ཁོང་གིས་སྔར་སྲོལ་ལ་བལ་ཡུལ་ནང་སྲིད་བློན་གསར་པ་བྱུང་རིམ་བཞིན་སྲིད་བློན་གྱི་ཕྱི་འབྲེལ་གཟིགས་བསྐོར་ཐོག་མ་དེ་རྒྱ་གར་ལ་གནང་སྲོལ་ཡོད་པ་དེར་ད་རེས་ཁོང་ནས་རྒྱ་ནག་གི་ཕྱོགས་སུ་འཁྱོག་པའི་རྣམ་འགྱུར་ཞིག་མཚོན་གྱི་ཡོད་སྐོར་འགྲེལ་བརྗོད་གནང་གི་ཡོད་པར་ ཁོང་གིས་རྒྱ་ནག་གི་གཟིགས་བསྐོར་དེ་ནི་དམིགས་བསལ་ཨོ་ལིམ་པིག་དང་འབྲེལ་བའི་གཟིགས་བསྐོར་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་གི་ཡོད་པ་རེད་
གནས་ཚུལ་ཐོན་ཁུངས་ལ་གཞིགས་ན་ བལ་ཡུལ་སྲིད་བློན་གྱི་ད་རེས་གཟིགས་བསྐོར་སྐབས་ རྒྱ་གར་གཞུང་གི་ལྷན་ད་རེས་བལ་ཡུལ་དང་རྒྱ་གར་ནང་བྱུང་བའི་ཆུ་ལོག་གི་གནད་དོན་སྐོར་གཙོ་བོ་བྱས་པའི་ཡུལ་གཉིས་དབར་གྱི་གནད་དོན་དུ་མ་ཞིག་ཐོག་གྲོས་མོལ་ཡོང་རྒྱུ་ཡིན་སྐོར་གསུངས་ཀྱི་ཡོད་པ་རེད་
རྒྱ་གར་གྱི་སྦི་ཧའར་མངའ་སྡེ་དང་ དེ་དང་ས་སྦྲེལ་གྱི་བལ་ཡུལ་གྱི་མངའ་ཁུལ་ནང་བྱུང་བའི་ཆུ་ལོག་གི་བྱུང་རྐྱེན་ལ་ཡུལ་གཉིས་ཀྱི་དབར་ཀོ་སི་ཞེས་པའི་ཆུ་རག་ལ་བདག་གཅེས་མ་བྱུང་བའི་ཕན་ཚུན་སྐྱོན་བརྗོད་ཤུགས་ཆེ་བྱེད་རེས་གཏོང་བཞིན་ཡོད་པ་རེད།