བལ་ཡུལ་ཁྲིམས་ཁང་ནས་སྲིད་འཛིན་གཞོན་པར་བཀའ་ཁྱབ།

བལ་ཡུལ་གྱི་སྲིད་འཛིན་གཞོན་པར་བལ་པོའི་སྐད་ཡིག་ཐོག་ནས་མཛད་འགན་བཞེས་པའི་དམ་བཅའ་བཞེས་དགོས་པའི་བཀའ་ཁྱབ་བཏང་བ།

2009.08.23

༄༅༎བལ་ཡུལ་གྱི་ཆེས་མཐོའི་ཁྲིམས་ཁང་གིས་གཟའ་འཁོར་འདིའི་ནང་ཚུད་ལ་བལ་ཡུལ་གྱི་སྲིད་འཛིན་གཞོན་པ་པ་ར་མ་ནན་རྡ་ཇ་ལ་བལ་པོའི་སྐད་ཡིག་ཐོག་ནས་སྲིད་འཛིན་གཞོན་པའི་མཛད་འགན་བཞེས་པའི་དམ་བཅའ་བཞེས་དགོས་པའི་བཀའ་ཁྱབ་བཏང་ཡོད་པ་དང་གལ་ཏེ་ཁོང་གིས་དམ་བཅའ་མ་ལེན་པ་ཡིན་ཚེ་སྲིད་འཛིན་གཞོན་པའི་མཛད་འགན་མུ་མཐུད་བཞེས་ཆོག་གི་མེད་པའི་སྐོར་གསུངས་ཡོད་པ་རེད།

དེ་ཡང་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་བདུན་པའི་ཚེས་ཉི་ཤུ་གསུམ་ཉིན་ཁོང་གིས་སྲིད་འཛིན་གཞོན་པ་དང་སྤྱི་ཁྱབ་དྲུང་ཆེའི་མཛད་འཁུར་གྱི་དམ་བཅའ་ཧིན་རྡིའི་སྐད་ཡིག་གི་ཐོག་ནས་བཞེས་པ་དང་ཡང་སྐབས་དེར་སྲིད་འཛིན་གྱིས་བལ་པོའི་སྐད་ཡིག་ཐོག་ནས་དམ་བཅའ་བཞེས་པའི་གནས་ཚུལ་བྱུང་བར་བརྟེན་ན་ནིང་ཕྱི་ཟླ་བདུན་པའི་ཕྱི་ཚེས་ཉི་ཤུ་ལྔ་ཉིན་བལ་པོའི་ཆེས་མཐོའི་ཁྲིམས་ཁང་གི་སྦལ་ཀི་རིཤ་ན་ནིའུ་པ་ནེ་ཟེར་བས་སྲིད་འཛིན་གཞོན་པར་ཧིན་རྡིའི་སྐད་ཡིག་ཐོག་ལ་དམ་བཅའ་བཞེས་པར་འགྲིག་མི་ནགྱི་གྱོད་དོན་ཁྲིམས་གཏུགས་བྱས་ཡོད་པ་རེད། ཉེ་ཆར་བལ་པོའི་ཆེས་མཐོའི་ཁྲིམས་ཁང་ནས་ཐེངས་གཉིས་སྲིད་འཛིན་གཞོན་པར་མཛད་འགན་བཞེས་པའི་དམ་བཅའ་བལ་པོའི་སྐད་ཡིག་ཐོག་ནས་བཞེས་དགོས་པའི་བཀའ་ཁྱབ་བཏང་ཡང་ཁོང་གིས་དམ་བཅའ་མ་བཞེས་པར་རྩོད་གཞིའི་གནད་དོན་ཞིག་ཏུ་གྱུར་ཡོད་ཅིང་དེ་ཡང་ཐོག་མར་ཕྱི་ཟླ་བདུན་པའི་ཚེས་ཉི་ཤུ་བཞི་ཉིན་ཆེས་མཐོའི་ཁྲིམས་དཔོན་ལྷན་ཚོགས་ཀྱི་ཚོགས་མི་གཉིས་ཀྱིས་གལ་ཏེ་ཁོང་གིས་སྲིད་འཛིན་གཞོན་པ་དང་སྤྱི་ཁྱབ་དྲུང་ཆེའི་མཛད་འཁུར་བཞེས་རྒྱུ་ཡིན་ཚེ་ངེས་པར་དུ་དམ་བཅའ་བཞེས་དགོས་པའི་བཀོད་ཁྱབ་བཏང་བ་དང་དེ་རྗེས་ཟླ་བ་འདིའི་ཕྱི་ཚེས་བཅུ་གཉིས་ཉིན་ཁྲིམས་དཔོན་ལྷན་ཚོགས་ཡོངས་ནས་བསྐྱར་དུ་དམ་བཅའ་བཞེས་དགོས་པ་དང་དེ་ཡང་བལ་པོའི་སྐད་ཡིག་ཐོག་ནས་བཞེས་དགོས་པ་ཨུ་ཚུགས་མཐའ་སྐྱེལ་གནང་ཡོད་པ་མ་ཟད་ད་རེས་རེས་གཟའ་ཉི་མའི་ཉིན་སླར་ཡང་གཟའ་འཁོར་འདིའི་ནང་ཚུད་ལ་བལ་པོའི་སྐད་ཡིག་ཐོག་ནས་དམ་བཅའ་བཞེས་དགོས་པའི་བཀའ་ཁྱབ་བཏང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎