གཞུང་ཚབ་བརྒྱུད་བོད་དོན་ཐུགས་སྣང་དགོས་པའི་འབོད་བསྐུལ།

བལ་ཡུལ་ནང་དུ་ཡོད་པའི་བོད་མི་ཚོས་ཁུལ་དེའི་འཛམ་གླིང་གི་རྒྱལ་ཁབ་ཁག་གི་གཞུང་ཚབ་དཔོན་རིགས་མཇལ་འཕྲད་ཞུས་ཏེ་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་ཐུགས་སྣང་གནང་དགོས་པའི་འབོད་བསྐུལ་ཞུས་འདུག

2012.09.21

༄༅།    །དེ་ཡང་རྒྱལ་ས་ཀ་ཐ་མན་གྲུའི་ནང་དུ་ཡོད་པའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྐུ་ཚབ་ནས། གཟའ་འཁོར་འདིའི་འགོ་སྟོད་དུ་རྒྱལ་ས་ཀ་ཐ་མན་གྲུའི་ནང་དུ་ཡོད་པའི་ཨ་རི་དང༌། དབྱིན་ཇི། France། ཉི་ཧོང། Italy། Germany། Australia། འབར་མའི་སྐུ་ཚབ་དཔོན་རིགས་གཙོས་པའི་ཕྱི་རྒྱལ་ཁབ་ཁག་གི་སྐུ་ཚབ་དཔོན་རིགས་དང༌། དེ་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་འབྲེལ་མཐུད་ཕྱག་ལས་གནང་མཁན་ལྕམ་Amanda Jacobson དང༌། ཁོང་གི་ཕྱག་འབྲེལ་ཁག་ཅིག་མཇལ་འཕྲད་ཞུས་ཏེ། བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་ཐུགས་སྣང་གནང་དགོས་པ་དང་།    དེང་སྐབས་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་ཟས་བཅད་ལས་འགུལ་གནང་མཁན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་གསུམ་གྱི་སྐུ་གཟུགས་གནས་སྟངས་ཐོག་ལ་ཧ་ཅང་བློ་འཚབ་ཡོད་པའི་གནས་ཚུལ་འགྲེལ་བརྗོད་ཞུས་ཏེ་ཁོང་ཚོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་འདུན་ཞུས་པའི་དོན་ཚན་ཁག་ལག་བསྟར་ཡོང་ཐབས་ལ་རོགས་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད། །

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎