སྐུ་ཚབ་དོན་གཅོད་མཆོག་གིས་ཕེརན་སི་བོད་རིཌ་ཚོར་བཀའ་སློབ།

བྱང་ཡོ་རོབ་དང་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་བཀྲིས་དབང་འདུས་མཆོག་གིས་ཕེརན་སི་ཁུལ་གྱི་བོད་རིགས་ཚོར་བཀའ་སློབ།

2009.01.18

༄༅༎བྱང་ཡོ་རོབ་དང་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་གིས་ཕེརན་སི་ཁུལ་དུ་གནས་སྡོད་བོད་རིགས་ཚོར་བཀའ་སློབ་གནང་བ་དང་སྦྲགས་དོན་གཅོད་ཟུར་པ་འཇམ་དཔལ་ཆོས་བཟང་ལགས་ཀྱིས་དོན་གཅོད་གསར་པ་བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་ངོ་སྤྲོད་གནང་འདུག

ཕྱི་ལོ་༢༠༠༩ལོར་རྒྱ་ནག་གཞུང་གིས་བོད་ལ་དྲག་པོའི་དབང་བསྒྱུར་བྱས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་ཚིགས་གལ་ཆེ་སྲུང་བརྩི་བྱ་རྒྱུའི་ཆེད་བཙན་བྱོལ་བོད་གཞུང་གིས་ལས་འཆར་བཀོད་ཡོད་པ་ལྟར་ཡོ་རོབ་ཁུལ་དུ་གནས་སྡོད་བོད་རིགས་ཡོངས་ཀྱིས་ལས་རིམ་ཁག་ནང་མཉམ་བཞུགས་གནང་རྒྱུ་གལ་འགངས་ཆེན་པོ་ཡིན་པ་སོགས་བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་གིས་ལམ་སྟོན་བཀའ་སློབ་གནང་འདུག བྱང་ཡོ་རོབ་སྐུ་ཚབ་དོན་གཅོད་འཇམ་དཔལ་ཆོས་བཟང་ལགས་བཙན་བྱོལ་བོད་གཞུང་གི་བདེ་སྲུང་དྲུང་ཆེར་གནས་སྤོ་གནང་འདུག བོད་རིགས་ཡོངས་ཀྱིས་སྦས་གསང་མེད་པར་སྐུ་ཚབ་དོན་གཅོད་ལ་སྙན་སེང་ཞུ་འོས་ཞུ་དགོས་པ་དང་སྐུ་ཚབ་དོན་གཅོད་མཆོག་ནས་ཀྱང་ལས་དོན་མཐའ་དག་ཕྱི་གསལ་ནང་གསལ་བྱ་རྒྱུ་ཡིན་ལུགས་གསུང་བཤད་གནང་འདུག ཡང་ཕེརན་སི་དོན་གཅོད་ལས་ཁུངས་སུ་གཏན་བཞུགས་དབང་པོ་འབའ་གཞིས་ལགས་ཀྱིས་ཉིན་རེའི་ལས་དོན་འགན་ཁུར་བཞེས་རྒྱུ་དང་སྐུ་ཚབ་དོན་གཅོད་མཆོག་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་དབུས་ལས་ཁུངས་ཁག་ཡོད་སའི་སྦེལ་ཇེམ་རྒྱལ་ས་སྦ་ར་སེལ་སི་དུ་ལས་ཁུངས་ཟུར་བཙུགས་གནང་སྟེ་ལས་དོན་གནང་རྒྱུ་ཡིན་པ་རེད། བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་ཕྱི་ལོ་༢༠༠༥ནས་༢༠༠༨བར་ཨ་རི་དང་བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་གནང་ཡོད་པ་རེད། ཡང་བོད་རིགས་ཚོགས་པའི་འཐུས་མིས་འདི་ལོ་བོད་ནང་བོད་མིའི་ཞི་བའི་གྱེན་ལངས་ལ་རྒྱ་ནག་གཞུང་གིས་དྲག་གནོན་ཚབས་ཆེ་བྱས་པར་བརྟེན་སྔར་རྒྱུན་ལྟར་ལོ་གསར་གཏང་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་ལུགས་དོན་གཅོད་ལ་སྙན་སེང་ཞུས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎