བོད་མི་༡༤བོད་ནས་བྲོས་བྱོལ་སྐྱབས་བཅོལ་ལ་འབྱོར་འདུག


2015.05.19
བལ་ཡུལ་བོད་ཀྱི་ཡན་ལག་སྣེ་ལེན་ཁང་། བལ་ཡུལ་བོད་ཀྱི་ཡན་ལག་སྣེ་ལེན་ཁང་།
ཀླུ་འབུམ་RFA

བོད་ཀྱི་ས་ཁུལ་འདྲ་མིན་ནས་བལ་ཡུལ་བརྒྱུད་བྲོས་བྱོལ་ལ་ཡོང་མཁན་བོད་མི་མི་གྲངས་༡༤ལྡི་ལིར་འབྱོར་འདུག
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། ཉེ་བའི་ནང་བོད་ནས་བལ་ཡུལ་བརྒྱུད་གསར་དུ་བྲོས་བྱོལ་ལ་འབྱོར་བའི་བོད་མི་མི་གྲངས་༡༤ལྡི་ལི་བོད་ཀྱི་སྣེ་ལེན་ཁང་ལ་འབྱོར་ཡོད་པ་དང་། ཚེས་༡༧ཉིན་བཞུགས་སྒར་ཕྱོགས་སུ་ཕེབས་ཐོན་གནང་འདུག ཁོང་ཚོ་ནི་བོད་རིགས་ན་གཞོན་ལོ་ན་༡༧་ནས་༣༠་བར་ཡིན་པ་དང་། བཞུགས་སྒར་ཕྱོགས་སུ་ཕེབས་ཐོན་བྱས་པའི་བོད་རིགས་༡༤རྣམས་བོད་ནས་འདས་པའི་ཟླ་བ་གཅིག་གི་དུས་ཡུན་ནང་བལ་ཡུལ་དུ་འབྱོར་ནས་བལ་ཡུལ་གྱི་སྣེ་ལེན་ཁང་དུ་འཚམས་འདྲི་དང་། དགོས་མཁོ་ཁག་ཕུལ་ནས་ཉར་འཇོག་ཞུས་ཡོད་པ་དང་། དེ་ནས་རིམ་པས་བལ་ཡུལ་ནང་དུ་ཡོད་པའི་རྒྱ་གར་གྱི་གཞུང་ཚབ་ཁང་བརྒྱུད་ནས་ཡིག་ཆ་དང་། ཕྱག་ཁྱེར་སོགས་འགྲོ་ལུགས་རིམ་པ་བསྒྲུབ་རྗེས་བལ་ཡུལ་ནས་རྒྱ་གར་གྱི་ཕྱོགས་སུ་ཕེབས་སྐྱེལ་གནང་ཡོད་པ་རེད།
ཕྱི་ལོ་༢༠༠༨་སྔོན་དུ་བོད་ནས་ལོ་གཅིག་གི་དུས་ཡུན་ནང་མི་གྲངས་་༢༠༠༠་ནས་༤༠༠༠་ཙམ་གསར་དུ་འབྱོར་བའི་ལོ་རྒྱུས་བྱུང་ཡོད། འོན་ཀྱང་ཕྱི་ལོ་༢༠༠༨་གྱི་ཞི་རྒོལ་ཆེན་མོ་བྱུང་བའི་རྗེས་སུ་རྒྱ་ནག་དང་། བལ་ཡུལ་གཉིས་ཀས་ས་མཚམས་ཀྱི་ཁུལ་དུ་དམ་བསྒྲགས་དང་། མཐའ་མཚམས་དམག་མི་འཕར་མ་འགྲེམས་འཇོགས་ཀྱིས་བོད་ནས་བྲོས་བྱོལ་ཕེབས་མཁན་ཇེ་ཉུང་དུ་ཕྱིན་ཡོད་ཅིང་། ལྷག་དོན་དུ་བོད་ནས་བོད་མི་བྲོས་བྱོལ་བ་རྣམས་ལ་རྒྱ་ནག་གིས་དམ་བསྒྲགས་ཤིན་ཏུ་ཆེན་པོ་བྱས་པར་བརྟེན་བོད་ནས་བལ་བོད་ས་མཚམས་བརྒྱུད་ནས་ཡོང་མཁན་ཤིན་ཏུ་ནས་ཉུང་དུ་ཕྱིན་པ་རེད།  

གསར་འགོད་པ་ཀརྨ་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎