འཚེ་མེད་དཔའ་བོའི་མཐུན་ཚོཌ།


2013.04.08
འཚེ་མེད་དཔའ་བོའི་མཐུན་ཚོཌ། ཁམས་བྲག་མགོ་རྫོང་དུ་གངས་ལྗོངས་འཚེ་མེད་དཔའ་བོའི་མཐུན་ཚོགས་ཞེས་པའི་ཚོགས་པ་ཞིག་དང་བླངས་ཐོག་གསར་བཙུགས་གནང་ཡོད་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། དཀར་མཛེས་བསོད་ནམས་དབང་འདུས།

༄༅༎ཁམས་བྲག་མགོ་རྫོང་ནང་གི་ལྗང་མདའ་ཐང་དུ་བོད་མི་ཚོས་ཞབས་རིམ་གསོག་སྒྲུབ་གནང་བའི་སྐབས། གངས་ལྗོངས་འཚེ་མེད་དཔའ་བོའི་མཐུན་ཚོགས་ཞེས་པའི་ཚོགས་པ་ཞིག་དང་བླངས་ཐོག་གསར་བཙུགས་གནང་ནས། བོད་མི་ནང་ཁུལ་གཅིག་སྒྲིལ་དང་རྐུ་འཕྲོག་བཅོམ་གསུམ་སྤངས་རྒྱུའི་དམ་བཅའ་བཞག་ཡོད་པ་རེད།
ཟླ་བ་འདིའི་ཚེས་༡་ནས་བཞི་བར་ཉིན་གྲངས་བཞིའི་རིང་ཁམས་བྲག་མགོ་རྫོང་ནང་གི་ལྗང་མདའ་ཐང་དུ་ནོར་པ་རུ་ཁག་དང་པོ་དང་གཉིས་པ་གཉིས་གཙོ་བོར་གྱུར་བའི་དེའི་ཉེ་འཁོར་གྱི་ཡུལ་མི་ཚོས་ཞབས་རིམ་གསོག་སྒྲུབ་གནང་བའི་སྐབས་སུ་གངས་ལྗོངས་འཚེ་མེད་དཔའ་བོའི་མཐུན་ཚོགས་ཞེས་པའི་ཚོགས་པ་ཞིག་དང་བླངས་ཐོག་གསར་བཙུགས་གནང་ནས། བོད་མི་ནང་ཁུལ་གཅིག་སྒྲིལ་དང་རྐུ་འཕྲོག་བཅོམ་གསུམ་སྤངས་རྒྱུའི་དམ་བཅའ་བཞག་ཡོད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་པའི་དགེ་འདུན་པ་སྐུ་ཞབས་ངག་དབང་མཁྱེན་རབས་ལགས་ཀྱིས འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་ངོ་སྤྲོད་གནང་འདུག
ཡང་སྐུ་ཞབས་ངག་དབང་མཁྱེན་རབས་ལགས་ཀྱིས་མུ་མཐུད་གསུངས་ན།  བོད་མི་ཚོས་མ་སྐུལ་དང་བླངས་ཀྱི་ཐོག་ནས་བོད་མི་ནང་ཁུལ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་རྒྱུ་དེ་ཧ་ཅང་གི་གལ་འགངས་ཆེན་པོ་ཡིན་པ་ངོས་འཛིན་གནང་བའི་ཐོག་གོང་ཞུས་ཚོགས་པ་དེའི་ནང་ནོར་པ་རུ་ཁག་གཉིས་དང་། དེའི་ཉེ་འཁོར་གྱི་བོད་མི་སོགས་མཁྱོན་བོད་མི་ཆིག་སྟོང་ལྷག་ཙམ་གྱིས་དང་བླངས་ཐོག་འཛུལ་བཞུགས་གནང་ཡོད་ལུགས་གསལ་སྟོན་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎