བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་རྒྱ་གར་དུ་ཕེབས་འཆར།
2009.08.09
༄༅༎བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་སུ་ཇ་ཏ་ཀོའི་རེ་ལ་རྒྱ་གར་དུ་གཟིགས་སྐོར་ལ་ཕེབས་གཏན་འཁེལ་ཡོད་པའི་གནས་ཚུལ་ཐོན་འདུག
བལ་ཡུལ་གྱི་སྲིད་བློན་མ་རྡལྦ་ཀུ་མར་ནེ་པལ་མཆོག་ཕྱི་ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན་རྒྱ་གར་ལ་འཚམས་འདྲིའི་གཟིགས་སྐོར་ལ་མ་ཕེབས་གོང་ཕྱི་སྲིད་བློན་ཆེན་སུ་ཇ་ཏ་ཀོའི་རེ་ལ་དང་ཕྱི་སྲིད་དྲུང་ཆེ་རྒྱན་ཅན་རྡར་ཨཅརྱ་རྣམ་གཉིས་རེས་གཟའ་ཟླ་བ་ནས་ཉིན་ལྔའི་རིང་ཁྱིམ་མཚེས་རྒྱ་གར་ནང་གཞུང་འབྲེལ་གཟིགས་སྐོར་དུ་ཕེབས་རྒྱུ་ཡིན་འདུག རེས་གཟའ་མིག་དམར་ཉིན་དབུ་ཁྲིད་རྣམ་གཉིས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཨེ་སེ་ཨེམ་ཀི་རྴི་ན་དང་མཇལ་འཕྲད་ཀྱིས་ཡུལ་གཉིས་ཀྱི་འབྲེལ་ལམ་སྤྱི་དང་བྱེ་བྲག་ཏུ་དཔལ་འབྱོར་དང་འཛུགས་བསྐྲུན་སྐོར་གྲོས་མོལ་གནང་རྒྱུ་ཡིན་འདུག རེས་གཟའ་ལྷག་པའི་ཉིན་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་དང་གཞུང་འཛིན་ཀོང་རེ་སི་ཚོགས་པའི་དབུ་ཁྲིད་སོ་ནི་ཡ་གན་རྡི་ཟུར་མཇལ་གནང་རྒྱུ་ཡིན་འདུག དེ་རྗེས་བ་ལཡུལ་གྱི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་གར་གྱི་སྲུང་སྐྱོབ་བློན་ཆེན་ཨེ་ཀེ་ཨན་ཏོ་ནི་དང་དཔལ་འབྱོར་བློན་ཆེན་པ་ར་ནལྦ་མུ་ཀར་ཇི།ནང་སྲིད་བློན་ཆེན་པི་ཅི་རྡམ་སྦ་རམ་དང་ཚོང་དོན་བློན་ཆེན་ཨ་ནན་ཤརྨ་བཅས་དང་དེ་བཞིན་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ཨེ་ཀེ་ཨརྡ་ལྦ་ནི་དང་རཇེ་ནཐ་སིང་བཅས་མཇལ་འཕྲད་གནང་རྒྱུ་ཡིན་འདུག།