དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ནང་དོན་ཉན་ཞིབ།

ནིའུ་ཛ་ལན་དྲིའི་གཞུང་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ནང་དོན་ཉན་ཞིབ་གནང་རྒྱུ་ཡིན་འདུག

2011.04.07

༄༅༎ལོ་འདིའི་གསུམ་བཅུའི་དུས་དྲན་ཉིན་མོར་ནིའུ་ཛ་ལན་དྲི་བོད་མིའི་སྤྱི་མཐུན་ཚོགས་པ་དང་། བོད་ཀྱི་གྲོགས་པོ་ཚོགས་པའི་འཐུས་ཚབ་ཀྱི་ངོ་བོའི་ཐོག་ནས་སྐུ་ཞབས་ཐུབ་བསྟན་སྐལ་བཟང་ལགས་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་གྲོས་ཚོགས་འཐུས་མི་སུ་ཀེཇ་ལི་མཇལ་འཕྲད་ཀྱིས་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འདོན་གནང་མཛད་པའི་ལམ་དབུ་མའི་སྲིད་བྱུས་དེར་རྒྱབ་སྐྱོར་གནང་ནས་བོད་ཀྱི་གནད་དོན་དང་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་དགོས་པའི་འབོད་སྐུལ་ཞུས་གནང་བ་མ་ཟད་ཁོང་བརྒྱུད་ནིའུ་ཛ་ལན་དྲིའི་གཞུང་ནས་ཐུགས་སྣང་གནང་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་གནང་རྒྱུའི་རེ་བ་གནང་གི་ཡོད་ལུགས་འགྲེལ་བརྗོད་གནང་ཡོད་པ་རེད། ཐུབ་བསྟན་སྐལ་བཟང་ལགས་ཀྱིས་དགོས་འདུན་བཏོན་གནང་བ་ལྟར་དེ་རིང་ཚེས་བདུན་ཉིན་ནིའུ་ཛ་ལན་དྲིའི་གཞུང་གི་ཕྱི་སྲིད་དང་། བདེ་སྲུང༌། ཚོང་འབྲེལ་ལས་དོན་ཚན་པའི་ཚོགས་ཆུང་གི་ཚོགས་མི་རྣམས་ཚོགས་འདུ་བསྐོངས་ཚོགས་གནང་ནས་ཁོང་གི་ཞུ་གཏུགས་ཀྱི་གནད་དོན་ལ་གསན་བཞེས་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག

སྤྱིར་བཏང་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་མང་པོ་ཞིག་ནང་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་འཐུས་མིའི་མཉམ་འབྲེལ་གྱི་མཐུན་ཚོགས་ཤིག་ཀྱང་ཡོད་པ་དང་དེ་དག་བརྒྱུད་རྒྱལ་ཁབ་སོ་སོའི་གཞུང་དང་གྲོས་ཚོགས་ནང་བོད་ཀྱི་གནད་དོན་ཐོག་དུས་ནས་དུས་སུ་གསན་བཞེས་དང་དེ་དག་བརྒྱུད་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚོ་མཇལ་འཕྲད་སྐབས་གླེང་སློང་གནང་སྲོལ་ཡོད་པ་ཞིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎