ནུའུ་ཛེ་ལེནཌ་ཡི་སྲིད་བློན་༸གོང་ས་མཆོག་དང་མཇལ་འཆར།
2008.12.15
༄༅༎ནིའུ་ཛེ་ལེནཌ་གྱི་སྲིད་བློན་གྱི་མགྲིན་ཚབ་པས་ཚེས་བཅོ་ལྔ་ཉིན་གནས་ཚུལ་ཕྱིར་བསྒྲགས་གནང་བའི་ནང་༸གོང་ས་མཆོག་དུས་སང་ཕྱི་ཟླ་བཅུ་གཉིས་པའི་ཚེས་དྲུག་ཉིན་ནིའུ་ཛེ་ལེནཌ་ལ་ཆིབས་བསྒྱུར་བསྐྱང་ནས་ཡུལ་དེའི་ནང་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱང་རྒྱུ་དང་མང་ཚོགས་ཁྲོད་བཀའ་སློབ་གནང་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་དང་དེའི་བར་གྱི་དུས་སྐབས་ཤིག་ལ་ནིའུ་ཛེ་ལནཌ་ཡི་སྲིད་བློན་མཆོག་གིས་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུའི་འཆར་གཞི་ཡོད་པ་གསུངས་འདུག
༸གོང་ས་མཆོག་ཕྱི་རྒྱལ་ཡུལ་གྲུ་གང་འདྲ་ཞིག་ཏུ་ཆིབས་བསྒྱུར་བསྐྱངས་ན་ཡང་རྒྱ་ནག་གཞུང་གིས་རྒྱུན་དུ་ནས་སྐྱོན་བརྗོད་ཞུ་ཡི་ཡོད་པའི་ཁར་ཕྱི་རྒྱལ་ཡུལ་གྲུ་ཁག་གི་དཔོན་རིགས་རྣམ་པ་ཚོས་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུར་ཡང་འགག་བྱ་བྱེད་མུས་ཡིན་པ་བཞིན་དུས་སང་༸གོང་ས་མཆོག་ནིའུ་ཛེ་ལེནཌ་ལ་ཆིབས་བསྒྱུར་བསྐྱངས་པའི་སྐབས་ནིའུ་ཛེ་ལེནཌ་ཡི་སྲིད་བློན་མཆོག་གི་༸གོང་ས་མཆོག་དང་ལྷན་དུ་མཇལ་འཕྲད་གནང་རྒྱུའི་ཐག་གཅོད་དེས་རྒྱ་ནག་དང་ནིའུ་ཛེ་ལེནཌ་བར་གྱི་ཚོང་དོན་འབྲེལ་ལམ་ལ་གནོད་སྐྱོན་འགྲོ་རྒྱུ་ཡིན་ལུགས་ནིའུ་ཛེ་ལེནཌ་ཡོད་པའི་རྒྱ་ནག་མཉམ་འབྲེལ་ཚོགས་པའི་ཚོགས་གཙོ་ས྄ཊི་བེན་བོང་ཟེར་བས་བརྗོད་ཡོད་པ་དེར་ནུའུ་ཛེ་ལེནཌ་སྲིད་བློན་གྱི་མགྲིན་ཚབ་པས་རྣམ་པ་གཉིས་ཀྱི་མཇལ་འཕྲད་དེས་རྒྱ་ནག་དང་ནིའུ་ཛེ་ལེནཌ་བར་གྱི་གལ་འགངས་ཆེ་བའི་ཚོང་དོན་འབྲེལ་ལམ་ལ་གནོད་ཚབ་གང་ཡང་ཡོང་རྒྱུ་མིན་པའི་སྐོར་གསལ་སྟོན་གནང་འདུག།