མགོ་ལོག་འབྲོག་ཁུལ་ལ་གློག་མེད་པའི་དཀའ་ངལ་ཡོད་པ།


2015.04.22
མགོ་ལོག་གཅིག་སྒྲིལ་རྫོང་མཐའི་རྣམ་པ། ༢༠༡༥།༤།༢༠ མགོ་ལོག་གཅིག་སྒྲིལ་རྫོང་མཐའི་རྣམ་པ། ༢༠༡༥།༤།༢༠
ཀུན་བཟང་བསྟན་འཛིན། བོད་འབྱོར།

མགོ་ལོག་གཅིག་སྒྲིལ་རྫོང་ཕྱོགས་ཀྱི་བོད་རིགས་འབྲོག་སྡེ་ཁག་ཅིག་ལ་གློག་མེད་པའི་དཀའ་ངལ་འཕྲད་བཞིན་པ་རེད་འདུག
དེ་ཡང་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་གྱིས་གནས་ཚུལ་བཏང་དོན། སྤྱིར་རྒྱ་ནག་གཞུང་གིས་བོད་ཀྱི་འབྲོག་པའི་ས་ཁུལ་སོགས་ཀྱི་ནང་བོད་མིའི་འཚོ་བ་ཡར་རྒྱས་གོང་འཕེལ་བཏང་ཡོད་པའི་སྐོར་གནས་ཚུལ་དང་། ལྷག་དོན་དུ་འབྲོག་སྡེའི་མངའ་ཁུལ་གྱི་ནང་དུའང་གློག་འདོན་མཁོ་སྤྲོད་བྱས་ཡོད་ལུགས་སོགས་བོད་ནང་འཛུགས་བསྐྲུན་ཡར་རྒྱས་བཏང་དང་གཏོང་བཞིན་པའི་གནས་ཚུལ་དྲིལ་བསྒྲགས་ལྟ་བུ་ཤུགས་ཆེ་བྱེད་བཞིན་ཡོད་རུང་དོན་དངོས་ཐོག་དེ་ལྟར་མེད་པ་དང་། མགོ་ལོག་ཕྱོགས་ཀྱི་བོད་མི་ཞིག་གིས། འབྲོག་སྡེ་ས་གནས་དཔལ་ཡུལ་དང་། བར་བཞི། སོག་རུ། སྦྲ་གསར། སྨིན་ཐང་སོགས་འབྲོག་སྡེ་མང་པོའི་སར་གློག་ཧ་ལམ་ཆད་དེ་གློག་མཁོ་སྤྲོད་བྱེད་ཀྱི་མེད་ལུགས་འགྲེལ་བརྗོད་བྱས་ཡོད་པ་རེད།
གཞན་ཡང་ས་གནས་འབྲོག་སྡེའི་ས་ཁུལ་གྱི་ནང་རླངས་འཁོར་གྲངས་༣༠་ཙམ་ལ་ལག་འཁྱེར་ཡོད་མཁན་མི་གསུམ་ཙམ་ལས་མེད་པ་དང་། རླངས་འཁོར་གྱི་འགྲོ་ལུགས་དེབ་སོགས་སྤྲད་ནའང་དེབ་རིན་རྒྱ་མིའི་སྒོར་མོ་ཡང་མང་པོ་ལེན་པ་དང་། དེབ་དེ་ཚོ་ཚང་མ་རྒྱ་ཡིག་ཐོག་ཡིན་ཁར་མི་མང་ལ་སློབ་འཁྲིད་སོགས་གང་ཡང་མེད་ཙང་མི་མང་གིས་གོ་མི་ཚོད་པའི་གནས་སྟངས་མང་པོར་གདོང་ལེན་བྱས་དང་བྱེད་བཞིན་ཡོད་ལུགས་སོགས་འགྲེལ་བརྗོད་གནང་འདུག

གསར་འགོད་པ་ཕྲེང་རིང་བསྟན་ནོར།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎