ལོ་གསར་མཆོད་འབུལ་དང་ངོ་རྒོལ་བརྒྱུད་སྲུང་བརྩི།

བོད་ཆུ་སྦྲུལ་ལོའི་ལོ་གསར་སྐབས་བཙན་བྱོལ་བོད་མི་ཚོས། བོད་རྩ་དོན་ཆེད་རང་གི་གཅེས་པའི་ལུས་སྲོག་བློས་གཏོང་གནང་མཁན་འདས་སོན་ཡོངས་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་དང་། ལས་འགུལ་འདྲ་མིན་སྤེལ་ཏེ་སྲུང་བརྩི་ཞུས་ཡོད་པ་རེད།

2013.02.12
ལོ་གསར་མཆོད་འབུལ་དང་ངོ་རྒོལ་བརྒྱུད་སྲུང་བརྩི། བཞུགས་སྒར་དུ་ལོ་གསར་སྐབས་ལས་འགུལ་སྤེལ་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

༄༅།    །བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས། བོད་ཀྱི་ལོ་གསར་ལ་བོད་ནང་གི་བོད་མིའི་ཚོར་གདུང་སེམས་མཉམ་སྐྱེད་ཞུ་བའི་ཆེད་དུ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་དགོས་པའི་འབོད་འབུལ་གནང་བ་ལྟར། ལོ་གསར་ཚེས་གཅིག་ཉིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་གྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བ་དང༌། ཡང་དེ་ཉིན་བཞུགས་སྒར་ཉེ་འཁྲིས་སུ་ཆགས་པའི་ས་རྭ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་མ་༤༠ ཙམ་གྱིས་ལོ་གསར་མ་གཏོང་ཞེས་པའི་རས་དར་འཁྱེར་བཞིན། རས་ནག་པོས་ཁ་ཁབ་ཏེ། བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་སྤྱི་དང༌། ཉེ་ཆར་རྒྱ་ནག་གཞུང་གིས་བོད་མི་ཁག་ཅིག་ལ་རང་ལུས་མེ་སྲེག་གཏོང་རྒྱུར་སྐུལ་སློང་བྱས་པའི་ཉེས་མེད་ཉེས་བཙུགས་ཀྱིས་སྲོག་ཐོག་དང་།    བཙོན་འཇུག་གི་ཉེས་བཅད་བཏང་བ་སོགས་བོད་ནང་གི་བོད་མི་ཚོས་མྱོང་བཞིན་པའི་ཡ་ང་བའི་གནས་སྟངས་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་ཡོང་ཐབས་ཀྱི་ཆེད་དུ་བཞུགས་སྒར་ཉེ་འདབས་སུ་གསར་བཞེངས་གནང་བའི་དཔའ་བོའི་རྡོ་རིང་གི་མདུན་ཐང་དུ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་གནང་ཡོད་པ་རེད། ཚེས་གཅིག་ཉིན་གྱི་ཟས་བཅད་ལས་འགུལ་དེ་ནི་བོད་ནང་གི་བོད་མི་རྣམས་རྒྱ་ནག་གཞུང་གི་དྲག་གནོན་དང་དམ་བསྒྲགས་འོག་དཀའ་སྡུག་མྱོང་བཞིན་པ་ཚོར་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་དང༌། ཉིན་གཉིས་པའི་ཟས་བཅད་ངོ་རྒོལ་དེ་ནི། རྒྱ་ནག་གཞུང་གིས་བོད་མི་གང་བྱུང་འཛིན་བཟུང་བྱས་ཏེ་ཉེས་མེད་ཉེས་འཛུགས་ཀྱིས་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་ངོ་རྒོལ་བྱ་རྒྱུའི་ཆེད་དུ་ཡིན་པ་རེད། དེ་བཞིན་ལྡི་ལི་བསམ་ཡས་གླིང་གཞིས་སྒར་གྱི་བོད་མི་ཚོས་ཀྱང་ལོ་གསར་ཚེས་གཅིག་ཉིན་བསམ་ཡས་གླིང་བོད་དགོན་དུ་འདུ་འཛོམས་ཀྱིས་ཐོག་མར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་པ་དང་།    དེ་རྗེས་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་ཆོས་འབུལ་སྨོན་ལམ་གཞི་རྒྱ་ཆེན་པོ་ཞིག་ཚོགས་ཡོད་པ་རེད། །

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎