རྒྱ་ནག་ནང་ཛ་དྲག་ནད་ཡམས་ཕོག་པའི་གནས་ཚུལ་བྱུང་མེད་པ།

རྒྱ་ནག་ནང་ས་ཡོམ་གྱི་བརྒྱུད་རིམ་ནས་ཡུལ་ནང་ཛ་དྲག་ནད་ཡམས་ཕོག་པ་སོགས་མི་མང་གི་ཁྲོད་དུ་ད་བར་གནོད་འཚེའི་རིགས་ཀྱི་གནས་ཚུལ་བྱུང་མེད་པ་རེད་

2008.05.20

༄༅༎རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ནང་ས་ཡོམ་གྱི་འབྱུང་བའི་གནོད་འཚེའི་བརྒྱུད་རིམ་ནས་ཡུལ་ནང་ཛ་དྲག་ནད་ཡམས་ཕོག་པ་སོགས་མི་མང་གི་ཁྲོད་དུ་འཕྲོད་བསྟེན་གྱི་གནོད་འཚེའི་རིགས་ཁ་ས་རེས་གཟའ་ཟླ་བ་བར་གནས་ཚུལ་བྱུང་མེད་པ་རེད་ཅེས་རྒྱ་ནག་གི་འཕྲོད་བསྟེན་ལྷན་ཁང་ནས་དེ་རིང་རེས་གཟའ་མིག་དམར་ཉིན་གསལ་བསྒྲགས་གནང་བཞག་

དེ་ཡང་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ནང་ས་ཡོམ་གྱི་འབྱུང་བའི་གནོད་འཚེ་བྱུང་བའི་རྗེས་ད་བར་ཡུལ་ནང་ཛ་དྲག་གི་ནད་ཡམས་ཀྱི་རིགས་བྱུང་ཚེ་རྒྱུན་ལྡན་གྱི་བརྒྱུད་ལམ་ཐོག་ནས་གནས་ཚུལ་མཁོ་སྤྲོད་བྱེད་རྒྱུ་མིན་པར་ལག་ཐོག་གི་ཁ་པར་བརྒྱུད་ནས་ལམ་སེང་གནས་ཚུལ་མཁོ་སྤྲོད་བྱེད་ཐུབ་པའི་མཐུན་རྐྱེན་སྐྲུན་ཡོད་ལུགས་རྒྱ་ནག་གི་འཕྲོད་བསྟེན་ལྷན་ཁང་ནས་གསལ་བསྒྲགས་གནང་བཞག

རྒྱ་ནག་གི་འཕྲོད་བསྟེན་ལྷན་ཁང་ནས་ས་ཡོམ་གྱི་འབྱུང་བའི་གནོད་འཚེ་ཕོག་སའི་ཁུལ་དུ་ཛ་དྲག་གི་ནད་ཡམས་རིགས་བྱུང་ཚེ་གནས་ཚུལ་ངོ་སྤྲོད་བྱེད་ཐུབ་རྒྱུའི་ཆེད་འཕྲལ་དུ་ལག་ཐོག་ཁ་པར་བཞི་བརྒྱ་ཙམ་བགོ་འགྲེམས་བྱས་ཡོད་པ་རེད་

ལག་ཐོག་ཁ་པར་དེས་ནད་ཡམས་ཕོག་པའི་མི་སྣ་གྲངས་ས་ཡ་བཅུ་ཙམ་ཉིན་བཅུའི་ནང་ངོ་སྤྲོད་བྱེད་ཐུབ་པའི་ནུས་པ་ཡོད་ལུགས་བརྗོད་འདུག

ཡང་བདུན་ཕྲག་དེའི་རེས་གཟའ་ཟླ་བ་ནས་འགོ་བཙུགས་ཀྱིས་ས་ཡོམ་གྱི་འབྱུང་བའི་གནོད་འཚེ་བྱུང་སའི་ས་ཁུལ་ནང་ནད་ཡམས་སྔོན་འགོག་གི་ལས་དོན་མི་སྣ་ཉིན་རེ་བཞིན་མི་གྲངས་ ༥༠༠ ལྷག་ཙམ་བྱས་པ་ཉིན་ལྔའི་རིང་མངགས་གཏོང་བྱ་བཞིན་ཡོད་པ་དང་ཕྱི་ཟླ་ལྔ་པའི་ཚེས་ ༢༣ ཉིན་འཕྲོད་བསྟེན་བལྟ་རྟོགས་མི་གྲངས་ ༡༠༠༠ ཙམ་མངགས་གཏོང་བྱ་རྒྱུ་ཡིན་ལུགས་རྒྱ་ནག་གི་འཕྲོད་བསྟེན་ལས་ཁང་ནས་དེ་རིང་གསལ་སྟོན་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎