ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་བཙུགས་ནས་དམག་འཁྲུག་བྱུང་མེད་པ།


2017.09.17
ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་བཙུགས་ནས་དམག་འཁྲུག་བྱུང་མེད་པ། ༸གོང་ས་མཆོག་ནས་ཨི་ཊ་ལིའི་གྲོང་ཁྱེར་སི་སི་ལི་ནང་ཡུ་རོབ་མཉམ་འབྲེལ་སྒྲིག་འཛུགས་བཙུགས་ནས་བཟུང་ནུབ་ཡུ་རོབ་ཚོགས་མི་རྒྱལ་ཁབ་ཚང་མ་ཞི་བདེའི་ངང་གནས་ཐུབ་པར་བསྔས་བརྗོད་གནང་བ།
དགའ་ལྡན་ཕོ་བྲང༌།

༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨི་ཊ་ལིའི་གྲོང་ཁྱེར་སི་སི་ལི་ནང་མང་ཚོགས་ལ་བཀའ་སློབ་གནང་བའི་ནང་ ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་གསར་འཛུགས་བྱས་པ་ནས་བཟུང་ནུབ་ཡོ་རོབ་ཁུལ་དམག་འཁྲུག་མ་བྱུང་བར་ཚོགས་མི་རྒྱལ་ཁབ་ཚང་མ་ཞི་བདེའི་ངང་གནས་ཐུབ་པར་༧གོང་ས་མཆོག་གིས་བསྔགས་བརྗོད་གནང་བཞག
དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ སྟོབས་དང་ནུས་ཤུགས་ཀྱི་འཛམ་གླིང་ནང་ཞི་བདེ་བསྐྲུན་ཐུབ་ཐབས་མེད་པ་དང་། ཞི་བདེ་ནི་ནང་སེམས་ནས་ཡོང་དགོས་པ་དང་། འཚེ་བའི་ལས་ཀྱིས་ཁོང་ཁྲོ་སློང་ནས་འཚེ་བའི་ལས་མང་དུ་འགྲོ་བས་ ཁོང་ཁྲོ་དང་ཞེད་སྣང་སོགས་ཉུང་དུ་བཏང་ཐབས་བྱས་ནས་མཛའ་གྲོགས་གོང་འཕེལ་གཏོང་དགོས་སྐོར་བཀའ་གནང་བཞག
ཁ་ས་ Taormina གྲོང་ཁྱེར་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གྲོང་ཁྱེར་དེའི་མི་སེར་གྱི་མཚན་བསྟོད་གཟེངས་རྟགས་ཡང་ཕུལ་འདུག་ཅིང་དེ་རིང་ཕྱི་ཚེས་ ༡༧ ཉིན་ Messina གྲོང་ཁྱེར་ནང་གི་ལོ་རྒྱུས་རང་བཞིན་ལྡན་པའི་ Vittorio Emanuele ཞེས་པའི་ཚོགས་ཁང་དེའི་ནང་གྲོང་ཁྱེར་ལས་ཁུངས་ཀྱི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཞི་བདེ་དང་དྲང་བདེན། འཚེ་མེད་ཞི་བའི་དེད་དཔོན་གྱི་མཚན་བསྟོད་བྱ་དགའ་འབུལ་འདུག་ལ། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕན་ཚུན་ལྟོས་གྲུབ་དང་བྱམས་བརྩེའི་སྤྱོད་བཟང་གི་སྒོ་ནས་མང་ཚོགས་ལ་བཀའ་སློབ་གསུང་བཤད་སྩོལ་གནང་ཡོད་པ་རེད།།
གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎