བྱང་ཨ་མེ་རི་ཀའི་ས་གནས་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༢༡ འཚོགས་བཞིན་འདུག

2024.06.29
བྱང་ཨ་མེ་རི་ཀའི་ས་གནས་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༢༡ འཚོགས་བཞིན་འདུག
Rtyc Nynj

ཕྱི་ཟླ་༦་ཚེས་༢༨་ཉིན་དབུ་འབྱེད་མཛད་སྒོའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་དགོན་པོ་དོན་འགྲུབ་ལགས་དང་གཞོན་ལྷན་གྱི་ཚོགས་ཟུར་དང་སྤྱི་ཟུར་ཚེ་དབང་རིག་འཛིན་ལགས། གཞོན་ལྷན་གྱི་ཚོགས་ཟུར་དང་ལས་ཐོག་སྤྱི་འཐུས་བསྟན་འཛིན་འཇིགས་མེད་ལགས་གཙོས་པའི་གཞན་ཨ་རི་རྒྱལ་ཡོངས་ནང་ཡོད་པའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྐུ་ཚབ་རྣམས་ཆེད་བཅར་གྱིས། ཨ་རིའི་མེ་ནི་སོ་ཀྲ་་གྲོང་ཁྱེར་དུ་བྱང་ཨ་རིའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༢༡་པ་དེ་བསྐོང་ཚོགས་གནང་ཞིང་། ཚོགས་འདུ་དེ་བཞིན་མེ་ནི་སོ་ཀྲ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་འདུག་པ་མ་ཟད་ཕྱོགས་མཐའ་ནས་ཆེད་བཅར་ཞུས་པའི་སྐུ་ཚབ་རྣམས་ལ་བཞུགས་གནས་སོགས་ཀྱི་མཐུན་འགྱུར་ཡང་ཞུས་འདུག་ཅིང་།  འགན་འཛིན་ལྷན་ཚོགས་དེ་བཞིན་ཕྱི་ཟླ་༦་ཚེས་༢༨་ཉིན་དབུ་འཛུགས་གནང་སྟེ་ཕྱི་ཟླ་༦་ཚེས་༣༠་བར་ཉིན་གྲངས་གསུམ་རིང་འཚོགས་ཀྱི་ཡོད་པ་རེད།  

བྱང་ཨ་རིའི་ས་གནས་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༢༠་པ་དེ་བཞིན་སྔོན་འཆར་ལྟར་ན་་ཁེ་ན་གྲའི་གྲོང་ཁྱེར་ཀྲོ་རན་ཀྲོའི་ནང་གནང་རྒྱུའི་གྲ་སྒྲིག་ཆ་ཚང་ཞུས་ཟིན་ན་ཡང་་སྐབས་དེར་རྒྱ་གར་དང་ཁེ་ན་གྲ་གཉིས་དབར་ཕྱི་འབྲེལ་ལ་དོ་ཕོག་བྱུང་བའི་རྐྱེན་གྱིས་ཨ་མེ་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ནང་སྔ་ལོའི་ཕྱི་ཟླ་༡༢་ཚེས་༩་ནས་༡༡་བར་ཉིན་གྲངས་གསུམ་རིང་གནང་སྟེ་གཙོ་བོ་རྒྱལ་བའི་སྐུ་ཕྱའི་སྐོར་དང་བོད་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་ཕྱོགས་སོགས་གྲོས་གཞི་ཁག་གི་ཐོག་བཀའ་བསྡུར་གནང་ཡོད་པ་རེད།

གསར་འགོད་པ། བསོད་ནམས་ལྷ་མོ།

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲྭ་ཐོག་རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎