ཨ་མི་རི་ཀའི་སྲིད་འཛིན་ལྷོ་ཀོ་རི་ཡར་ཕེབས་འབྱོར་གནང་ཡོད་པ།

ཨ་རིའི་སྲིད་འཛིན་དང་ལྷོ་ཀོ་རི་ཡའི་དབར་་བྱང་ཀོ་རི་ཡའི་རྡུལ་ཕྲན་ལས་འཆར་དང་ཚོང་དོན་ཁྲལ་ཆག་གི་སྐོར་བཀའ་མོལ་གནང་རྒྱུ།

2009.11.18

༄༅༎ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་དེ་རིང་ལྷོ་ཀོ་རི་ཡའི་ནང་ཕེབས་འབྱོར་ཟིན་པ་ལྟར་བྱང་ཀོ་རི་ཡའི་རྡུལ་ཕྲན་ལས་འཆར་དང་ཐག་གཅོད་མ་བྱུང་བར་འགག་བསྡད་པའི་ཕྱོགས་གཉིས་དབར་ཚོང་དོན་ཁྲལ་ཆག་གི་མཐུན་གྲོས་བཅས་ཀྱི་སྐོར་བཀའ་མོལ་གཙོ་བོ་གནང་རྒྱུ་ཡིན་པ་རེད།

ཨོ་སྦ་མ་མཆོག་དང་མགྲོན་བདག་ལྷོ་ཀོ་རི་ཡའི་སྲིད་འཛིན་ལི་མཱང་སྦཀ་རྣམ་གཉིས་དབར་སང་ཉིན་རེས་གཟའ་ཕུར་བུའི་ཉིན་ཆེས་མཐོའི་ལྷན་འཛོམས་གནང་རྒྱུ་ཡིན་པ་དེ་ད་ལོ་ཕྱི་ཟླ་བཞི་པ་ནས་མཚམས་འཇོག་བྱུང་བའི་བྱང་ཀོ་རི་ཡའི་རྡུལ་ཕྲན་གོ་མཚོན་མེད་པ་བཟོ་རྒྱུའི་རྒྱལ་ཁབ་དྲུག་གི་ལྷན་ཚོགས་ནང་ཀོ་རི་ཡ་བྱང་མ་བསྐྱར་དུ་འཛུལ་བཞུགས་བྱེད་དུ་འཇུག་ཐབས་ཀྱི་འབད་བརྩོན་སྐོར་བཀའ་མོལ་གཙོ་བོ་གནང་རྒྱུ་ཡིན་པ་རེད།

དེ་དང་ཆབས་ཅིག་ཨཕ་ག་ནི་སི་ཐན་ནང་རོགས་སྐྱོབ་ཀྱི་ལས་དོན་གཞི་རྒྱ་ཆེ་རུ་གཏོང་ཕྱོགས་དང་ཡང་ཁུལ་དེའི་ནང་གི་རང་ཡུལ་གྱི་ལས་མི་ཚོར་སྲུང་སྐྱོབ་བྱ་རྒྱུའི་དོན་དུ་དཔུང་དམག་ཆེད་གཏོང་བྱ་ཕྱོགས་སྐོར་ལ་ལྷོ་ཀོ་རི་ཡས་ཐག་གཅོད་ག་རེ་གནང་ཡོད་མེད་སྐོར་དབུ་ཁྲིད་རྣམ་གཉིས་དབར་བཀའ་མོལ་གནང་སྲིད་པ་རེད།

འོན་ཀྱང་ལྷོ་ཀོ་རི་ཡའི་གཞུང་གིས་ཟླ་བ་ཉི་ཤུ་དགུ་མན་ཙམ་གྱི་གོང་ལ་བཞག་པའི་ཚོང་དོན་ཁྲལ་ཆག་གི་མཐུན་གྲོས་བཞག་གནང་ཡོད་པ་དེ་ལག་བསྟར་བྱ་རྒྱུ་ཨ་རིའི་ཕྱོགས་ནས་འགོར་གཞི་ཆེན་པོ་ཡོང་བཞིན་ཡོད་པར་བློ་འཚབ་གནང་གི་ཡོད་པ་རེད།

ཨ་རིའི་སྲིད་འཛིན་ཁུལ་དེར་མ་ཕེབས་གོང་ནས་ལྷོ་ཀོ་རི་ཡའི་སྲིད་འཛིན་ལི་མཆོག་གི་མགྲིན་ཚབ་པས་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་མཐུན་གྲོས་ཐད་བཞེངས་ཕྱོགས་བརྟན་པོ་ཞིག་འཛིན་གནང་བའི་རེ་བ་ཡོད་ལ་ དེ་དག་དོན་འཁྱོལ་ཡོང་ཐབས་སུ་འབད་བརྩོན་བྱེད་བཞིན་ཡོད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎