བྱང་ཀོ་རི་ཡའི་རྡུལ་ཕྲན་ལས་གཞིའི་གནད་དོན།
2010.01.01
༄༅༎ད་ཕན་བྱང་ཀོ་རི་ཡའི་རྡུལ་ཕྲན་ལས་གཞིའི་གནད་དོན་དེའི་ཐད་འབྲེལ་ཡོད་ཡུལ་ཁག་དྲུག་གིས་འགྲིག་འཇགས་བཀའ་བསྡུར་གནང་ཡོད་ཀྱང་
བར་ལམ་ཞིག་ནས་བྱང་ཀོ་རི་ཡའི་ཕྱོགས་ནས་མེ་ཤུགས་འཕུར་མདེལ་ཚོད་བལྟ་བྱས་པ་སོགས་ཀྱི་རྐྱེན་པས་འཛམ་གླིང་གི་ཡུལ་གྲུ་མང་པོ་ཞིག་གིས་བྱང་ཀོ་རི་ཡའི་བྱ་སྤྱོད་དེར་སྐྱོན་འཛུགས་ཤུགས་ཆེ་བྱས་ཡོད་པ་རེད།
དེ་བཞིན་དེང་སྐབས་ཀོ་རི་ཡའི་ཉེ་འཁོར་ཨེ་ཤེ་ཡའི་གླིང་ཕྲན་ནང་བདེ་འཇགས་ཞི་བདེ་ཡོང་ཐབས་ཀྱི་འབད་བརྩོན་གནང་ཆེད་བྱང་ཀོ་རི་ཡའི་ཕྱོགས་ནས་གླིང་ཕྲན་དེ་ཚོའི་ནང་རྡུལ་ཕྲན་གོ་མཚོན་གྱི་ལས་གཞི་བཀག་འགོག་བྱ་རྒྱུ་དེ་བྱང་ཀོ་རི་ཡའི་ཡུལ་མི་ཚོས་ཀྱང་ཤེས་རྟོགས་དགོས་པ་དང་དེ་དང་འབྲེལ་ཡོད་ཨ་མི་རི་ཁའི་ཡུལ་དང་འབྲེལ་བ་བཟང་དུ་གཏོང་དགོས་པའི་སྐོར་བྱང་ཀོ་རི་ཡའི་ནང་ཆེད་རྩོམ་ཞིག་ཀྱང་ལོ་གསར་པ་འདི་སྒོ་ཚུགས་ཀྱི་སྐབས་དེར་ལམ་སྟོན་ལྟ་བུར་འགྲེམས་སྤེལ་བྱས་ཡོད་པ་རེད།
དེ་བཞིན་ཨ་མི་རི་ཁའི་སྐུ་ཚབ་སི་ཀྲི་ཕེན་སྦོ་སི་ལྦོཐ་ཟླ་བ་སྔོན་མ་དེར་བྱང་ཀོ་རི་ཡའི་ནང་ཆེད་བསྐྱོད་གནང་སྟེ་དེ་གའི་བྱང་ཀོ་རི་ཡའི་གཞུང་འབྲེལ་དང་འཕྲོས་མོལ་གནང་ནས་བྱང་ཀོ་རི་ཡའི་རྡུལ་ཕྲན་ལས་གཞི་མཚམས་འཇོག་བཟོ་ཐབས་ཀྱི་འབྲེལ་ཡོད་ཡུལ་ཁག་དྲུག་གི་འགྲིག་འཇགས་བཀའ་བསྡུར་དེའང་མར་ལམ་བར་ཆད་ལྟ་བུར་གནས་ཡོད་པ་དེའང་མུ་མཐུད་བཀའ་བསྡུར་རྒྱུན་འཁྱོངས་ཡོངས་ཐབས་ཀྱི་སྐོར་གསལ་བཏོན་ཞུས་གནང་ཡོད་པ་རེད།
དེ་དང་ཕྱོགས་མཚུངས་ཨ་མི་རི་ཁ་དང་ལྷོ་ཀོ་རི་ཡ་ཐེ་བའི་འབྲེལ་ཡོད་ཁག་ཚོས་བྱང་ཀོ་རི་ཡའི་ཕྱོགས་ནས་དོན་འབྲས་སོན་པའི་ཕྱག་བཞེས་བསྟར་དགོས་པའི་རེ་སྐུལ་ཞུས་ཡོད་པ་སོགས་ཀྱི་གནས་ཚུལ་འཁོད་བཞག།