བྱང་ཀོ་རི་ཡའི་རྒྱལ་བཙུགས་དུས་ཆེན་སྲུང་བརྩི་ཞུས་ཡོད་པ་རེད།

གཟའ་མིག་དམར་ཉིན་བྱང་ཀོ་རི་ཡའི་ཡུལ་གྲུ་འདི་གསར་བཙུགས་བྱས་སྟེ་ལོ་ངོ་དྲུག་བཅུ་འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་ཡོད་པ་རེད།

2008.09.09

༄༅༎གཟའ་མིག་དམར་ཉིན་བྱང་ཀོ་རི་ཡའི་ཡུལ་གྲུ་འདི་གསར་བཙུགས་བྱས་སྟེ་ལོ་ངོ་དྲུག་བཅུ་འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་ཡོད་ཅིང་ རྒྱལ་སྤྱིའི་ཐོག་ནས་བྱང་ཀོ་རི་ཡའི་སྲིད་གཞུང་གིས་རྡུལ་ཕྲན་ལས་རིགས་མེད་པ་བཟོ་རྒྱུའི་ཁས་ལེན་བྱས་པ་དེ་དག་རྩ་འཛིན་བྱེད་མིན་ཐད་དོགས་པ་ཆེན་པོ་བྱེད་བཞིན་ཡོད་ལ་ དེ་བཞིན་བྱང་ཀོ་རི་ཡའི་འགོ་འཁྲིད་ཀྱི་གཟུགས་གཞིའི་གནས་བབ་བཟང་པོ་མེད་པའི་གནས་ཚུལ་ཞིག་ཡོངས་ཁྱབ་ཡོད་པ་དང་ ཟ་འབྲུའི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པའི་གནས་ཚུལ་མུ་མཐུད་ཐོན་བཞིན་ཡོད་པ་རེད་

གཟའ་མིག་དམར་ཉིན་གྱི་དུས་ཆེན་སྲུང་བརྩི་ཞུ་བའི་མཛད་རིམ་གྱི་ཁོངས་ནས་ གལ་འགངས་ཆེ་ཤོས་དེ་དམག་སྟོབས་ངོམས་རྒྱུའི་དམག་མིའི་རུ་སྒྲིག་དེ་ཡིན་ཞིང་ དཔུང་དམག་འབོར་ཆེན་ཞིག་ནས་བྱང་ཀོ་རི་ཡའི་རྒྱལ་ས་ པིཡོང་ཡེང་གི་ལམ་ཆེན་བརྒྱུད་རྒྱལ་ཁབ་དེ་འཛུགས་མཁན་ཀིམ་ཨིལ་སུང་གི་དྲན་རྟེན་ཐང་ཆེན་བར་དམག་བསྟར་རུ་བསྒྲིགས་བྱ་རྒྱུ་ཡིན་པ་རེད་ ཡིན་ན་ཡང་ཕྱི་ཕྱོགས་ནས་བྱང་ཀོ་རི་ཡའི་ད་ལྟའི་འགོ་འཁྲིད་ཀིམ་ཇོང་ཨིལ་རྒྱལ་ཁབ་གསར་བཙུགས་ཀྱི་དུས་ཆེན་མཛད་སྒོ་དེའི་ཐོག་མཉམ་ཞུགས་གནང་མིན་ཐད་དོ་སྣང་གཙོ་བོ་བྱེད་རྒྱུ་ཡིན་ཞིང་ ཀིམ་ཇོང་ཨིལ་ཕྱི་ཟླ་བརྒྱད་པའི་ཟླ་དཀྱིལ་ཙམ་ནས་མང་ཚོགས་ཀྱི་ཁྲོད་ཐོན་པའི་གནས་ཚུལ་རྩ་བན་ནས་གོ་རྒྱུ་མེད་པ་དང་ ཁོ་པ་གཟུགས་གཞི་བདེ་མིན་གྱི་གནས་ཚུལ་ཞིག་ཁྱབ་ཡོད་པ་རེད་

ལྷོ་ཀོ་རི་ཡའི་གསར་འགྱུར་བརྒྱུད་ལམ་ཁག་གིས་ ལོ་ན་༦༦ལ་སླེབས་པ་ ཀིམ་ཇོང་ཨོལ་གྱི་གཟུགས་གཞིའི་གནས་བབ་ཇེ་སྡུག་ཏུ་ཕྱིན་ཡོད་པའི་གནས་ཚུལ་བཀོད་སྤེལ་ཤུགས་ཆེ་བྱས་ཡོད་པ་དང་ དེ་སྔོན་ཀོ་རི་ཡ་ལྷོ་མའི་གསང་ལས་སྡེ་ཚན་གྱིས་ ཀིམ་ཇོང་ཨིལ་ལ་སྙིང་དང་ གཅིན་སྙིའི་ན་ཚ་ཡོད་ལུགས་བརྗོད་ཡོད་པ་རེད་ འོན་ཀྱང་ཀིམ་རང་ཉིད་ནས་གནས་ཚུལ་དེ་དག་བདེན་པ་མིན་ལུགས་གསལ་བཤད་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎