བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་མུ་མཐུད་ནས་བཟོ་འཆར།

བྱང་ཀོ་རི་ཡའི་གཞུང་གིས་རྡུལ་ཕྲན་མཚོན་ཆ་བཟོ་བསྐྲུན་གྱི་ལས་གཞི་ཆེ་རུ་གཏང་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད།

2009.06.13

༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་གིས་བྱང་ཀོ་རི་ཡས་ཟླ་བ་སྔོན་མའི་ནང་རྡུལ་ཕྲན་མཚོན་ཆ་ཚོད་བལྟ་བྱས་པར་ཉེས་ཆད་འགེལ་རྒྱུའི་གྲོས་ཆོད་བཞག་རྗེས་གཟའ་སྤེན་པའི་ཉིན་བྱང་ཀོ་རི་ཡའི་གཞུང་གིས་རྡུལ་ཕྲན་མཚོན་ཆ་བཟོ་བསྐྲུན་གྱི་ལས་གཞི་ཆེ་རུ་གཏང་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད།

རེས་གཟའ་པ་སངས་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་གིས་བཞག་པའི་ཉེས་ཆད་ཀྱི་གྲོས་ཆོད་དེ་ནི་ཨ་མི་རི་ཀའི་གནོད་སེམས་ཀྱི་ཀུན་ནས་བླངས་ཏེ་སྤེལ་བའི་དྲིལ་བསྒྲགས་ལས་འགུལ་གྱི་གྲུབ་འབྲས་ངན་པ་ཞིག་ཡིན་ལུགས་བྱང་ཀོ་རི་ཡས་འགྲེལ་བརྗོད་བྱས་ཡོད་པ་དང་བྱང་ཀོ་རི་ཡའི་ངོས་ནས་རྡུལ་ཕྲན་མཚོན་ཆ་བཟོ་བསྐྲུན་གྱི་ལས་གཞི་དུས་ནམ་ཡང་མཚམས་འཇོག་བྱེད་རྒྱུ་མིན་ལུགས་བརྗོད་འདུག

ཚོགས་མིའི་རྒྱལ་ཁབ་བཅོ་ལྔ་ལས་གྲུབ་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇུགས་ལྷན་ཁང་གིས་བྱང་ཀོ་རི་ཡའི་ཐོག་དཔལ་འབྱོར་དང་འཕྲུལ་རིགས་ཀྱི་ཉེས་ཆད་ལྕི་པོ་ཞིག་འགེལ་རྒྱུའི་གྲོས་ཆོད་ཅིག་སྤྱི་མོས་ཀྱི་ཐོག་ནས་བཞག་པར་ཨ་མི་རི་ཀའི་གཞུང་གིས་བསྔགས་བརྗོད་གནང་ཡོད་པ་རེད། འོན་ཀྱང་ཀོ་རི་ཡ་བྱང་མའི་ཕྱི་སྲིད་ལས་ཁུངས་ཀྱིས་གཞུང་འབྲེལ་ལན་འདེབས་ཀྱི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་བྱང་ཀོ་རི་ཡའི་ངོས་ནས་རྡུལ་ཕྲན་ནུས་རྫས་པུལུ་ཀྲོ་ནི་ཡམ་གསར་དུ་མཁོ་འདོན་བྱེད་པ་དེ་དག་རྡུལ་ཕྲན་མཚོན་ཆ་བཟོ་རྒྱུར་བེད་སྤྱོད་བྱེད་རྒྱུ་ཡིན་པ་བརྗོད་པར་མ་ཟད་ཡུ་རེ་ནི་ཡམ་གཙང་སེལ་གྱིས་རྡུལ་ཕྲན་གྱི་ཉིང་ཁུ་འདོན་རྒྱུའི་ལས་གཞི་ཡང་འགོ་འཛུགས་བྱ་རྒྱུ་ཡིན་པ་བརྗོད་ཡོད་པ་རེད།

ད་དུང་བྱང་ཀོ་རི་ཡའི་གཞུང་གི་ལན་འདེབས་གསལ་བསྒྲགས་དེའི་ནང་ང་ཚོར་རྡུལ་ཕྲན་མཚོན་ཆ་བཟོ་བསྐྲུན་བྱ་རྒྱུའི་དམིགས་ཡུལ་རྩ་བ་ནས་མེད་འོན་ཀྱང་ཨ་མི་རི་ཀའི་འཁོན་འཛིན་གྱི་སྲིད་བྱུས་དང་རྡུལ་ཕྲན་མཚོན་ཆའི་གཏོར་རྒོལ་གྱི་ཉེན་བརྡའི་གནས་ཚུལ་བྱུང་བ་བཅས་ཀྱི་ཤུགས་རྐྱེན་གྱི་འོག་ང་ཚོས་མཚོན་ཆ་མི་བཟོ་དཀའ་མེད་བྱུང་བའི་གནས་སྟངས་ཤིག་ཏུ་གྱུར་པ་རེད་ཅེས་བརྗོད་འདུག

རྒྱལ་ཚོགས་ཀྱི་གྲོས་ཆོད་ཨང་༡༨༧༤འཁོད་པ་དེའི་ནང་བྱང་ཀོ་རི་ཡའི་ཐོག་དྲག་རྒོལ་བྱེད་ཆོག་པའི་བཀའ་ཁྲོལ་གནང་མེད་པ་དང་འོན་ཀྱང་ཚོགས་མིའི་རྒྱལ་ཁབ་ཡོངས་ནས་བྱང་ཀོ་རི་ཡའི་ཐོག་ཉེས་ཆད་རྒྱ་སྐྱེད་བྱ་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎