ཤྲི་ལངྐའི་གྱེན་ལོག་པར་མཐུན་འགྱུར་གནང་བར་སྐྱོན་བརྗོད།

ནོརྭ་ལྦེ་ཡིས་ཤྲི་ལངྐའི་སྟག་ཞེས་པའི་གྱེན་ལོག་པར་མཐུན་འགྱུར་རོགས་སྐྱོར་གནང་ཡོད་པའི་སྐྱོན་བརྗོད།

2011.05.15

༄༅༎ནོརྭ་ལྦེ་ཡིས་ཤྲི་ལངྐའི་སྟག་ཞེས་པའི་གྱེན་ལོག་པར་མཐུན་འགྱུར་རོགས་སྐྱོར་གནང་ཡོད་པའི་སྐྱོན་བརྗོད་དེ་ངོས་གནང་མེད་པའི་གནས་ཚུལ་ཐོན་འདུག༎

ནོར་ལྦེ་ཡི་གསར་ཤོག་ཞིག་གིས་ ཡུ་དེས་ཤྲི་ལངྐ་ནས་ཏ་མིལ་གྱེན་ལོག་པའི་མི་སྣ་བཅུ་གཉིས་ཙམ་ནོར་ལྦེ་ནང་གནས་སྤོ་བྱ་རྒྱུའི་དམིགས་བསལ་མཐོང་མཚན་སྤྲད་ཡོད་པ་མ་ཟད་ གནམ་གྲུའི་འགྲོ་སོང་ཡང་ཆན་གནང་ཡོད་པའི་གནས་ཚུལ་ཐོན་པ་དེ་དོངས་འབྲེལ་མིན་ལུགས་ཤྲི་ལངྐའི་རྒྱལ་ས་ ཀོ་ལོམ་སྦོར་རྟེན་གཞི་བྱས་པའི་ནོར་ལྦེ་ཡི་གཞུང་ཚབ་ཁང་གིས་གསལ་བཤད་གནང་ཡོད་འདུག། གནས་ཚུལ་དེ་ཐོན་པའི་རྗེས་སུ་ ཤྲི་ལངྐའི་གཞུང་གིས་ཀྱང་ནོར་ལྦེ་ཡི་གཞུང་ཚབ་ཁང་ལ་གནས་བཤད་དགོས་ལུགས་བརྗོད་ཡོད་འདུག། རེས་གཟའ་ཉི་མའི་ཉིན་ནོར་ལྦེ་ཡི་གཞུང་ཚབ་ཁང་གིས་ཡིག་ཐོག་གསལ་བསྒྲགས་ཤིག་སྤེལ་བའི་ནང་ ནོར་ལྦེ་ནང་གནས་ཚུལ་གང་ཐོན་པ་དེའི་ནང་དོན་ཨིན་སྐད་དུ་བསྒྱུར་བ་དེར་ནོར་འཁྲུལ་ཡོད་པ་གསལ་སྟོན་གྱིས་ ནོར་ལྦེ་ནང་སྐྱབས་བཅོལ་ཞུ་མཁན་གྲས་ནས་ཁག་ཅིག་གཞུང་གིས་སྐྱབས་བཅོལ་བའི་གནས་སྟངས་འོག་ཡུལ་དེར་ལེན་རྒྱུའི་དགོངས་བཞེས་གནང་ཡོད་པ་དངོས་འབྲེལ་ཡིན་ཡང་དེ་དག་གི་གྲས་ནས་ཏ་ལིལ་གྱེན་ལོག་གཅིག་ཀྱང་མེད་ལུགས་གསལ་བཤད་དང་སྦྲགས་མི་སྣ་དེ་དག་ནོར་ཝེ་ནང་བསྐྱོད་འཐུས་ཀྱི་བཀའ་འཁྲོལ་མ་གཏོགས་ལམ་གྲོན་སོགས་གང་ཡང་གནང་མེད་ལུགས་གསལ་བཤད་གནང་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎