ནོར་ལྦེ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་བྱ་དགའ་ཐོབ།
2008.11.13
༄༅༎དེ་ཡང་ནོར་ལྦེ་ཇན་པེན་སེ་ཞེས་པའི་ཚོགས་པའི་ཚོགས་གཙོས་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་གསལ་ལྟར་ན་ལོ་འདིའི་ཨོ་སེདྲ་ཀི་ཞེས་པའི་བྱ་དགའ་དེ་བཞིན་ནོར་ལྦེ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཀོ་རན་ཆུང་བདག་ལགས་དང་དེ་སྔ་ནོ་བེལ་གཟེངས་རྟགས་ཚོགས་ཆུང་གི་ཚོགས་མི་གནང་མྱོང་མཁན་སྐུ་ཞབས་ཕ་རན་སི་སེ་ཇེར་དྲེདྲ་རྣམ་གཉིས་ལ་ད་རིང་རེས་གཟའ་ཕུར་བུའི་ཉིན་མཛད་སྒོ་ཞིག་ཐོག་འབུལ་བཞེས་གནང་རྒྱུ་ཡིན་འདུག
ཀོ་རན་ཆུང་བདག་ལགས་ནས་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ཆེད་ལས་འགུལ་མུ་མཐུད་སྤེལ་གནང་བའི་མཛད་རྗེས་ལ་གནང་བཞིག་ཡིན་པ་དང་སྐུ་ཞབས་ཕ་རན་སིས་མཆོག་ནས་སྨྲ་བརྗོད་རང་དབང་གི་གནད་དོན་ཐོག་འཐབ་རྩོད་གནང་བར་བརྟེན་ལོ་འདིའི་བྱ་དགའ་འབུལ་རྒྱུའི་གྲས་སུ་འདེམས་ཐོན་གནང་བ་ཞིག་ཡིན་ལུགས་འགྲེལ་བརྗོད་གནང་འདུག ཆུང་བདག་ལགས་དེ་སྔ་སུད་སིའི་བོད་གཞུང་སྐུ་ཚབ་དོན་གཅོད་ཀྱང་གནང་མྱོང་ཡོད་པ་མ་ཟད་རྒྱུན་དུ་བོད་དོན་དང་འབྲེལ་བའི་ཕྱག་ལས་ལོ་མང་པོའི་རིང་གནང་བ་དང་ལྷག་པར་དུ་ཡུ་རོབ་གྲོས་ཚོགས་དང་ནོར་ལྦེ་གཞུང་དང་གྲོས་ཚོགས་གཉིས་སུ་བོད་ཀྱི་གནས་སྟངས་ཐོག་ཡང་སེ་བརྒྱདུ་སྐུལ་ཞུས་གནང་གི་ཡོད་པ་རེད།