ཨ་རིག་ཏུ་རྒྱལ་ཡོངས་འོས་བསྡུ་གནང་གཏན།
2009.11.09
༄༅༎ཨི་རག་ནང་ཕྱི་ལོ་ཉིས་སྟོང་བཅུ་ལོའི་ཟླ་བ་དང་པོའི་ནང་རྒྱལ་ཡོངས་འོས་བསྡུ་གནང་གཏན་འཁེལ་ཡོད་པ་རེད།
ཨི་རག་ནང་གི་རྒྱལ་ཡོངས་འོས་བསྡུ་དེས་ཡུལ་གྱི་དམངས་གཙོའི་ལམ་ལུགས་དེ་མ་འོངས་པར་ས་བརྟན་ཆགས་རྒྱུར་དགེ་ཚན་དང་ཨ་མི་རི་ཀའི་དཔུང་དམག་ཡུལ་ནས་ཕྱིར་འཐེན་བྱེད་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན་པ་རེད།
རེས་གཟའ་ཉི་མ་ཉིན་ཨི་རག་གི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་ཡུལ་ནང་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་ཚེས་ཆ་གཏན་འཁེལ་གནང་བ་དེར་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སྦན་ཀི་མུན་མཆོག་གིས་བསྔགས་བརྗོད་དང་འབྲེལ་དེས་ཡུལ་ནང་ཞི་བདེ་ལྷིང་འཇགས་ཡོང་ཆེད་དང་ཨི་རག་གི་རྒྱལ་ཁབ་དེ་ཞི་འགྲིག་ཡོང་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན་སྐོར་གསུངས་འདུག ཨི་རག་ནང་ཡོད་པའི་ཨ་རིའི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ཁི་རི་སི་ཀྲོ་ཕར་ཧིལ་ཡིས་ཨི་རག་གི་རྒྱལ་ཡོངས་འོས་བསྡུ་དེ་ཕྱི་ལོ་ཉིས་སྟོང་བཅུ་ལོའི་ཟླ་བ་དང་པོའི་ཚེས་ཉི་ཤུ་གསུམ་ཉིན་ནང་གནང་སྲིད་སྐོར་དང་ཨ་རིག་ནང་ཡོད་པའི་ཨ་རིའི་དཔུང་དམག་རྣམས་སྔོན་འཆར་ལྟར་ཕྱི་ལོ་ཉིས་སྟོང་བཅུ་ལོའི་ཟླ་བ་བརྒྱད་པའི་ནང་ཕྱིར་བསྡུ་འགོ་འཛུགས་ཐུབ་པ་གནང་རྒྱུའི་རེ་བ་ཡོད་སྐོར་གསུངས་འདུག ཕྱི་ལོ་ཉིས་སྟོང་བཅུ་ལོའི་ཨི་རག་གི་འོས་བསྡུ་དེ་ཕྱི་ལོ་ཉིས་སྟོང་ལྔ་ལོའི་འོས་བསྡུ་དང་མི་འདྲ་བར་ཆོས་ལུགས་ཁག་ལ་གཞི་མ་བཅོལ་བར་སྲིད་དོན་ཚོགས་པ་དང་དེ་མིན་འོས་དམིགས་སུ་རུང་ལ་འོས་ཤོག་འཕེལ་ཆོག་པའི་ཆ་རྐྱེན་བཟོས་ཡོད་པའི་གནས་ཚུལ་ཐོན་འདུག