རྒྱ་གར་ནང་བཅའ་ཞུགས་ཨ་རིའི་གཞུང་ཚབ་གསར་པ་བསྐོ་བཞག
2009.05.28
༄༅༎ཨ་རིའི་སྲིད་འཛིན་མཆོག་གིས་རྒྱ་གར་དང་དབྱིན་ཡུལ་གཉིས་ཀྱི་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ཅིག་ལ་གཞུང་ཚབ་ཆེན་མོ་གསར་པ་བསྐོ་འདེམས་གནང་ཡོད་འདུག
ཁ་ས་རེས་གཟའ་ལྷག་པའི་ཉིན་ཨ་མི་རི་ཀའི་སྲིད་འཛིན་སྦ་རག་ཨོ་སྦ་མ་མཆོག་གིས་གཞུང་ཚབ་ཆེན་མོ་ཁག་ཅིག་བསྐོ་འདེམས་གནང་ཡོད་པའི་ཁོངས་སུ་རྒྱ་གར་དུ་ཨ་རིའི་གཞུང་ཚབ་ཆེན་མོ་བར་དེ་སྔ་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཀྲིམ་རོ་མར་མཆོག་དང་དབྱིན་ཡུལ་དུ་དངུལ་ཁང་ཆེན་མོ་ཞིག་གི་ཚོགས་གཙོ་ཟུར་པ་ཉམས་མྱོང་ལྡན་པའི་སྐུ་ཞབས་ལི་ལྦུ་སི་སུས་མན་ཞུ་བ་དེ་བཞིན་ཕེ་རན་སིར་ནང་སྲིད་ཚན་པར་སློབ་སྟོན་གནང་མཁན་སྐུ་ཞབས་ཅར་ལེ་སེ་རིལྦ་ཀིན།ཡེ་ཤུའི་བླ་ཆེན་གྱི་ལྟེ་གནས་ལྦེ་ཀྲི་ཀན་དུ་ཀྱུ་པའི་མི་རིགས་ཡིན་པའི་རོ་མན་ཀེ་ཐོ་ལིག་གི་ཆོས་དཔོན་ཞིག་བསྐོ་འདེམས་གནང་བ་དེ་དང་ཕྱོགས་མཚུངས་རྒྱལ་ཁབ་ཆུང་རྩག་རིགས་ཤིག་ལའང་གཞུང་ཚབ་ཆེན་མོ་བ་ཁག་ཅིག་བསྐོ་འདེམས་གནང་ཡོད་པ་རེད། འོན་ཀྱང་དངོས་སུ་བསྐོ་བཞག་ཡོང་རྒྱུར་གྲོས་ཚོགས་ནས་མོས་མཐུན་དང་ཆོག་མཆན་ཐོབ་དགོས་ཀྱི་ཡོད་པ་རེད།