འཛམ་གླིང་དུ་གཞོན་སྐྱེས་ཚོའི་ཤེས་ཡོན་གོང་མཐོར་འགྲོ་བ།

འཛམ་གླིང་ནང་དཔལ་འབྱོར་ཉམ་རྒུད་འགྲོ་བཞིན་པའི་དུས་ཚོད་དེར་གཞོན་སྐྱེས་ཚོས་ཤེས་ཡོན་གོང་མཐོར་གཏོང་རྒྱུའི་བསམ་འགུལ་ཆེ་བ།

2009.09.08

༄༅༎འཛམ་གླིང་ནང་དཔལ་འབྱོར་ཉམ་རྒུད་འགྲོ་བཞིན་པའི་དུས་ཚོད་དེར་གཞོན་སྐྱེས་ཚོས་ཤེས་ཡོན་གོང་མཐོར་གཏོང་རྒྱུའི་བསམ་འགུལ་ཆེ་རུ་ཕྱིན་ཡོད་ལུགས་སྙན་ཐོ་བཏོན་འདུག

རྒྱལ་སྤྱིའི་དཔལ་འབྱོར་དང་ཡར་རྒྱས་མཉམ་འབྲེལ་ལས་དོན་ཚན་པའི་ཉམས་ཞིབ་ཚོགས་ཆུང་ནས་ཤེས་ཡོན་ཐོག་ཞིབ་མཇུག་གི་སྙན་ཐོ་བཏོན་ཡོད་པའི་ནང་འཛམ་གླིང་ནང་དེང་སང་དཔལ་འབྱོར་ཉམ་རྒུད་ཕྱིན་པའི་སྐབས་དེར་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཚོའི་ནང་ཤེས་ཡོན་ཡར་རྒྱས་གཏོང་རྒྱུའི་ཐོག་དོ་སྣང་ཆེ་རུ་ཕྱིན་ཡོད་པ་དཔེར་ན་དཔལ་འབྱོར་དཀའ་ངལ་ཆེ་བའི་སྐབས་ལས་ཀ་འཚོལ་ཞིབ་སྐབས་ཉམས་མྱོང་དང་ཤེས་ཡོན་ཆེ་ཆུང་ལ་འགྲན་བསྡུར་བྱེད་མཁན་མང་བ་ཡོད་པ་དང་ཤེས་ཡོན་ཇི་ཙམ་ཆེ་བ་ཡོད་ཀྱང་དེར་ལས་ཀ་རག་སླ་བ་དང་གླ་ཕོགས་ཀྱང་ཆེ་བ་ཐོབ་ཀྱི་ཡོད་པ་བཅས་ལ་བརྟེན་སོ་སོའི་ཤེས་ཡོན་གོང་མཐོར་གཏོང་རྒྱུར་དེང་སང་གཞོན་སྐྱེས་ཚོའི་སེམས་སྣང་ཚོར་སྣང་གསར་པ་ཞིག་སླེབས་པ་དང་དེས་རྐྱེན་པས་མཐོ་རིམ་སློབ་གྲྭ་དང་གཙུག་ལག་སློབ་གཉེར་ཁང་ནང་འཛུལ་ཞུགས་བྱེད་མཁན་མང་དུ་ཕྱིན་པ་སོགས་ཀྱི་གནས་ཚུལ་བཀོད་འདུག

གནད་དོན་དེས་དབང་གིས་རྒྱལ་ཁབ་མང་པོའི་ནང་དཔལ་འབྱོར་ཉམ་རྒུད་ཀྱི་གནས་སྟངས་འདིའི་འོག་ནས་མང་ཚོགས་དང་ལྷག་པར་དུ་གཞོན་སྐྱེས་ཚོའི་ཤེས་ཡོན་གོང་འཕེལ་གཏོང་རྒྱུའི་ནུས་ཤུགས་ཆེ་རུ་ཕྱིན་པའི་དཔྱད་ཞིབ་བྱས་འདུག

ཡང་སྙན་ཐོ་དེའི་ནང་མུ་མཐུད་བཀོད་པར་ལྟར་ན་འཛམ་གླིང་ནང་ཤེས་ཡོན་ཆེ་ཆུང་མ་ལྟོས་པར་བུད་མེད་ལས་སྐྱེས་པ་ཕོ་ཚོར་གླ་ཕོགས་ཆེ་བ་ཐོབ་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎