བོད་གནས་དང་འབྲེལ་བའི་རྒྱ་ཡིག་གི་དཔེ་དེབ་གསར་པ།

བཙན་བྱོལ་བོད་གཞུང་ཐེ་དབན་སྐུ་ཚབ་དོན་གཅོད་ཁང་གིས་རྒྱ་ཡིག་གི་དཔེ་དེབ་གསར་པ་ཁག་ཅིག་དབུ་འབྱེད་གནང་ཡོད་འདུག

2011.04.20

༄༅༎ཕྱི་ཚེས་༡༩ཉིན་དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་ཚེ་རྒྱམ་ལགས་ཐེ་དབན་དུ་ཕེབས་ཞོར་དང་བསྟུན་ནས་ཐེ་དབན་སྐུ་ཚབ་དོན་གཅོད་ལས་ཁང་གི་ལམ་སྟོན་འོག་སྔ་ལོ་ཐེ་དབན་གཞུང་ལ་དེབ་སྐྱེལ་གསར་འཛུགས་གནང་བའི་གངས་ལྗོངས་དཔེ་སྐྲུན་ཁང་ནས་ཉེ་ཆར་གསར་དུ་འདོན་སྤེལ་ཞུས་པའི་བོད་དོན་སྐོར་གྱི་རྒྱ་ཡིག་དཔེ་དེབ་གྲངས་བཞི་དབུ་འབྱེད་གྱི་མཛད་སྒོ་ཞིག་གནང་ཡོད་པ་དང་ སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་དཔེ་དེབ་བཞི་པོ་དེ་དག་རེ་རེ་བཞིན་ངོ་སྤྲོད་མདོར་བསྡུས་གནང་ཡོད་པའི་ནང་ ཉེ་ཆར་ཕྱི་ཟླ་གསུམ་པ་དང་བཞི་པ་ནང་གསར་དུ་འདོན་སྤེལ་གནང་བའི་དཔེ་དེབ་ཁག་བཞི་ནི་ བོད་མདོ་སྨད་ཁུལ་དུ་འཁྲུངས་པའི་ནགས་ཚང་ནུས་བློས་བྲིས་པའི་རང་གི་མི་ཚེའི་ལོ་རྒྱུས་ནགས་ཚང་ཞི་ལུའི་སྐྱིད་སྡུག་ཅེས་པ་དང་རྒྱལ་སྤྱིའི་ཁྲིམས་དོན་མཁས་པས་རྩོམ་བྲིས་གནང་བའི་བོད་ཀྱི་གནས་བབ་ཅེས་པ་རྒྱ་ཡིག་དཔར་ཐེངས་གཉིས་པ་ བོད་གཞུང་ཐེ་དབན་སྐུ་ཚབ་དོན་གཅོད་ལས་ཁང་ནས་ཕྱོགས་སྒྲིག་ཞུས་པའི་ལོ་ལྔ་བཅུ་བཙན་བྱོལ་དུ་འདས་པའི་བོད་མིའི་སྐྱིད་སྡུག་དྲན་གསོའི་འགྲེམས་སྟོན་དཔར་རིགས་བརྙན་དེབ་ ཉི་ཧོང་གི་རྩོམ་པ་པོ་སྐུ་ཞབས་ཀྲེ་ཚུ་སའེ་ལྦའེ་ཡིས་བྲིས་གནང་བའི་༧གོང་ས་མཆོག་གི་མཛད་རྣམ་རི་མོའི་བརྙན་དེབ་བཅས་ཡིན་པ་རེད་  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎