སྐུ་ཚབ་དོན་གཅོད་ཁག་གི་ཚོགས་འདུ་དབུ་འཛུགས་གནང་བ།
2012.11.19
དེ་ཡང་སྔ་དྲོ་ཆུ་ཚོད་ ༩ ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། ཕྱི་དྲིལ་བཀའ་བློན་
བདེ་སྐྱིད་ཆོས་དབྱངས་མཆོག ་ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ལགས་དང་དྲུང་འཕར་
བཀྲ་ཤིས་ཕུན་ཚོགས་ལགས། དེ་བཞིན་ལྡི་ལི། བྱང་ཨ་རི་དང་ཁེ་ཎ་ཌ། ཡུ་རོབ་དམིགས་བསལ་སྐུ་ཚབ། སུད་སི། ཉི་ཧོང་དང་ཤར་ཨེ་ཤི་ཡ། ཕ་རན་སིའི་འབྲེལ་མཐུད་པ།
བྷེལ་ཇམ། ཨིན་ཡུལ། ལྷོ་ཨ་ཕི་རི་ཀ། ལྷོ་ཨ་རིའི་འབྲེལ་མཐུད་པ། ཨོ་སི་ཊ་རི་ལི་ཡ་དང་ནིའུ་ཛི་ལན་ཌི། ཐེ་ཝན། ཨུ་རུ་སུ། བཅས་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་རྣམ་པ་
ལྷན་ཚོགས་དེའི་སར་ཕེབས་ཡོད་པ་རེད།
གོང་ཞུས་ལྷན་ཚོགས་དེའི་སར་བོད་མིས་རང་ལུས་མེར་སྲེག་བཏང་བའི་ཐོག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་རྒྱ་ནག་གི་འགོ་ཁྲིད་འཕོ་འགྱུར་ཐད་འབྲེལ་ཡོད་གཞུང་གིས་བསམ་ཚུལ་སྐོར་གྱི་གནད་དོན་ཐོག་ཉིན་གསུམ་རིང་བགྲོ་གླེང་གནང་རྒྱུ་ཡིན་པ་རེད་འདུག