ཉི་ཧོང་ཕྱི་སྲིད་བློན་ཆེན་ནས་ཧ་མིད་ཀར་ཛའེ་མཇལ་མོལ་གནང་བ།
2009.10.11
༄༅༎ཉི་ཧོང་གི་གཞུང་གསར་པའི་ཕྱི་སྲིད་བློན་ཆེན་ཀཏ་སུ་ཡ་ཨོ་ཀ་ཌ་ཨཕ་ག་ནི་སྟཱན་ནང་གློ་བུར་དུ་གཟིགས་སྐོར་དུ་བསྐྱོད་དེ་སྲིད་འཛིན་ཀར་ཛའི་མཆོག་དང་མཇལ་འཕྲད་གནང་ཡོད་པའི་གནས་ཚུལ་ཐོན་འདུག
ཉི་ཧོང་གི་ཕྱི་སྲིད་བློན་ཆེན་གྱི་གཟིགས་སྐོར་དེ་བཞིན་སླད་ཕྱིན་ཆ་ནས་ཉི་ཧོང་གིས་ཨཕ་ག་ནི་སྟཱན་ནང་མཐུན་འགྱུར་གནང་ཕྱོགས་སྐོར་དང་འབྲེལ་བ་ཆེན་པོ་ཡོད་པ་དང་ཉི་ཧོང་གིས་རྒྱ་གར་གྱི་རྒྱ་མཚོ་བརྒྱུད་ནས་ཨཕ་ག་ནི་སྟཱན་རྡོ་སྣུམ་འོར་འདྲེན་གྱི་ལས་དོན་ལ་མཐུན་འགྱུར་གནང་བཞིན་པ་དེ་ཕྱི་ལོ་ཉིས་སྟོང་བཅུ་ལོའི་ཕྱི་ཟླ་དང་པོའི་ནང་ཕྱིར་བསྡུ་གནང་རྩིས་ཡོད་པར་བརྟེན་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་ཟླ་བ་བཅུ་གཅིག་པའི་ནང་ཉི་ཧོང་ལ་འཚམས་འདྲིའི་གཟིགས་སྐོར་ལ་མ་ཕེབས་གོང་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་གསར་པ་ཨཕ་ག་ནི་སྟཱན་ནང་ཆེད་གཏོང་གིས་སྲིད་འཛིན་ཀར་ཛའི་གཙོས་པའི་དཔོན་རིགས་དང་མཇལ་འཕྲད་ཀྱིས་ཡུལ་གཉིས་དབར་མ་འོངས་པའི་ལས་དོན་སྤེལ་ཕྱོགས་སྐོར་ནང་མོལ་གནང་རྒྱུ་ཡིན་འདུག གཟིགས་སྐོར་རིང་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་གྱིས་མ་འོངས་པར་ཉི་ཧོང་གིས་ཨཕ་ག་ནི་སྟཱན་གྱི་རྒྱ་ཆེའི་མང་ཚོགས་ཀྱི་བདེ་དོན་ལ་ཕན་པའི་མིང་དོན་མཚུངས་པའི་ལས་དོན་སྤེལ་ཕྱོགས་སྐོར་ནང་མོལ་གནང་རྒྱུ་ཡིན་ལུགས་འགྲེལ་བརྗོད་བྱས་འདུག།