བོད་ནས་བལ་ཡུལ་བར་ལྕགས་ལམ་རྒྱག་རྒྱུའི་ཆིངས་དོན་སྣོན་འཇོག་བྱས་འདུག


2018.06.25
བལ་ཡུལ་གྱི་སྲིད་བློན་གྱིས་རྒྱ་ནག་ལ་གཟིགས་སྐོར་སྐབས། ༢༠༡༨།༦།༢༡ བལ་ཡུལ་གྱི་སྲིད་བློན་གྱིས་རྒྱ་ནག་ལ་གཟིགས་སྐོར་སྐབས། ༢༠༡༨།༦།༢༡
AP

བལ་ཡུལ་གྱི་སྲིད་བློན་ཀེ་པི་ཤརྨ་ ཨོ་ལི་( K P Sharma Oli)མཆོག་རྒྱ་ནག་ཏུ་གཞུང་འབྲེལ་གཟིགས་སྐོར་སྐབས་བོད་དང་བལ་ཡུལ་དབར་མེ་འཁོར་ལྕགས་ལམ་མཐུད་རྒྱུའི་ཆིངས་དོན་སྣོན་འཇོག་གནང་ཡོད་འདུག
དེ་ཡང་རེས་གཟའ་ཟླ་བའི་ཉིན་སྲིད་བློན་ཨོ་ལི་མཆོག་རྒྱ་ནག་ཏུ་ཉིན་དྲུག་རིང་གཞུང་འབྲེལ་འཚམས་གཟིགས་ནས་ཕྱིར་ཕེབས་སྐབས་ཏི་རི་བྭུ་ཝན་རྒྱལ་སྤྱིའི་གནམ་ཐང་དུ་གསར་འགོད་པར་ཚོར་གསུངས་དོན། ཐེངས་འདིའི་གཟིཌ་སྐོར་ཐོག་ནས་བལ་ཡུལ་དང་རྒྱ་ནག་དབར་མཉམ་སྦྲེལ་གྱི་ལས་དོན་མང་དག་ཅིག་གྲོས་བསྡུར་གནང་ནས་ཡུལ་གཉིས་ཀྱི་མཛའ་འབྲེལ་གོང་མཐོར་སྤེལ་ཡོད་པའི་ཁར་གཙོ་བོ་ཡུལ་གཉིས་དབར་རི་ལིའི་ལྕགས་ལམ་མཐུད་རྒྱུ་དང་།
དེ་བཞིན་ནུས་ཤུགས་དང་། འགྲིམ་འགྲུལ། འཛུགས་སྐྲུན། ཡུལ་སྐོར་སྤྲོ་འཆམ་སོགས་ཕུགས་རྒྱང་རིང་པོའི་དཔལ་འབྱོར་གྱི་འབྲེལ་ལམ་བསྲ་བརྟན་བཟོས་ཡོད་ལུགས་གསུངས་གནང་ཡོད་པ་ཀཐ་མནྒྲུ་ པོ་སེ་ཊེ་(Kathmandu Post)ཞེས་པས་གསར་ཤོག་གིས་གནས་ཚུལ་སྤེལ་འདུག
ཐེངས་འདིའི་གཟིགས་སྐོར་རིང་། བོད་ཀྱི་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཚོང་ར་སྐྱིད་གྲོང་ནས་རྒྱལ་ས་ཀཐ་མནྒྲུ་བར་རི་ལིའི་ལྕགས་ལམ་འབྲེལ་མཐུད་བརྒྱུད་རྒྱ་ནག་གི་བོད་དང་བལ་ཡུལ་དབར་ཚོང་འབྲེལ་གྱི་སྒོ་མོ་རྒྱ་བསྐྱེད་གཏོང་རྒྱུར་ཧ་ཅང་གནད་འགག་ཆེན་པོས་ངོས་འཛིན་བྱེད་བཞིན་པ་རེད། ཨོ་ལི་མཆོག་ཕྱི་ལོ་༢༠༡༦ལོར་སྲིད་བློན་ཁྱུག་ཙམ་གནང་བའི་རིང་རྒྱ་ནག་དང་འགྲིམ་འགྲུལ་གྱི་ཆིངས་དོན་ཞིག་སྣོན་འཇོག་གིས་རྒྱ་གར་ལ་རེ་བཅོལ་ཉུང་དུ་གཏོང་ཐབས་གནང་ཡོད་པར་བརྟེན་ཐེངས་འདིའི་གཟིགས་སྐོར་སྐབས་བོད་དང་བལ་ཡུལ་དབར་ས་མཚམས་འབྲེལ་མཐུད་ཀྱི་ཆིངས་དོན་སྣོན་འཇོག་གནང་བ་དེ་གལ་ཆེར་ངོས་འཛིན་གནང་བཞིན་པ་བརྗོད་མ་དགོས་པ་རེད། ཡུལ་གཉིས་དབར་གོང་ཞུས་ཆིངས་དོན་ཁག་སྣོན་འཇོག་མ་གནང་གོང་སྲིད་བློན་ཨོ་ལི་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་། སྲིད་བློན་ལེ་ཁེ་ཆིང་རྣམ་གཉིས་གཙོས་པའི་འབྲེལ་ཡོད་དཔོན་རིགས་རྣམས་མཇལ་འཕྲད་གནང་ཡོད་པ་མ་ཟད། སྲིད་བློན་ཨོ་ལི་ཡིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བལ་ཡུལ་ནང་འཚམས་གཟིགས་ཆེད་གདན་ཞུ་གནང་ཡོད་སྐོར་ཡང་གསུངས་གནང་འདུག།

གསར་འགོད་པ་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎