འབར་མའི་ནང་གྱེན་ལངས་ཀྱི་ལས་འགུལ་སྤེལ་ནས་ལོ་གཅིག་ཕྱིན།

འབར་མའི་ཕྱོགས་འགལ་དམངས་གཙོ་ཚོགས་པའི་དབུ་ཁྲིད་ཨང་སན་སུ་ཆི་མཆོག་དྲག་པོའི་གཞུང་ལ་གདོང་ལེན་གནང་མཁན་ཁོ་ནར་ཐུག་ཡོད་པ།

2008.09.21

༄༅༎འབར་མའི་ཕྱོགས་འགལ་དམངས་གཙོ་ཚོགས་པའི་དབུ་ཁྲིད་ཨང་སན་སུ་ཆི་མཆོག་ད་ཆ་དྲག་པོའི་གཞུང་ལ་གདོང་ལེན་གནང་མཁན་ཁོ་ནར་ཐུག་ཡོད་པའི་གནས་ཚུལ་ཐོན་འདུག

འབར་མའི་ནང་ནང་པའི་དགེ་འདུན་པའི་སྣེ་ཁྲིད་པའི་གྱེན་ལངས་ཀྱི་ལས་འགུལ་སྤེལ་ནས་ལོ་གཅིག་གི་རྗེས་སུ་དྲག་པོའི་གཞུང་ལ་ངོ་རྒོལ་མུ་མཐུད་ནས་བྱེད་མཁན་འདས་པའི་ལོ་བཅུ་དགུའི་རིང་བཟང་བཙོན་དུ་གནས་པའི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་སུ་ཆི་ཁོ་ནར་ཐུག་ཡོད་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ད་བར་དྲག་པོའི་གཞུང་ལ་གནོན་ཤུགས་སྤྲོད་ཐུབ་མེད་པར་བརྟེན་ཟླ་བ་སྔོན་མ་ཨང་སན་སུ་ཆི་མཆོག་གིས་རྒྱལ་ཚོགས་ཀྱི་སྐུ་ཚབ་ཨིབ་ར་ཧིམ་གམ་སྦ་རི་མཇལ་འཕྲད་གནང་མེད་པ་མ་ཟད་ངོ་རྒོལ་གྱི་ལས་འགུལ་དབུ་འཛུགས་ཀྱིས་མཐར་སྨན་པས་འཚོ་བྱེད་སྨན་ཁབ་མ་རྒྱབ་བར་དུ་ཕྱི་ལོག་ནས་ཞལ་ལག་བཞེས་རྒྱུ་མཚམས་འཇོག་གནང་འདུག སྔ་ལོ་ཕྱི་ཟླ་དགུ་པའི་ནང་ནང་པའི་དགེ་འདུན་པས་སྣེ་ཕྲིད་པའི་ཡུལ་མི་འབུམ་གཅིག་ཙམ་གྱིས་དྲག་པོའི་གཞུང་ལ་གྱེན་ལངས་ཀྱི་ངོ་རྒོལ་ཤུགས་ཆེ་བྱེད་སྐབས་གཞུང་གི་དམག་མིས་དགེ་འདུན་པ་གཙོས་པའི་ཡུལ་མི་སུམ་ཅུ་སོ་གཅིག་རྐྱེན་ལམ་དུ་བཏང་བ་དང་བདུན་ཅུ་དོ་བཞི་གར་སོང་ཆ་མེད་དུ་གྱུར་པ་མ་ཟད་སྟོང་ཕྲག་མང་པོ་འཛིན་བཟུང་བྱས་པ་རེད་ སྐབས་དེར་རྒྱལ་སྤྱིའི་ཤུགས་གནོན་དང་ལྷག་དོན་དུ་རྒྱ་ནག་གི་ཤུགས་རྐྱེན་འོག་དྲག་པོའི་གཞུང་གིས་ཨང་སན་སུ་ཆི་དང་འབྲེལ་མཐུད་པ་ཞིག་བསྐོ་བཞག་བྱས་པ་རེད་ ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོས་དྲག་པོའི་གཞུང་ལ་ཚོང་འབྲེལ་སོགས་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་གཏོང་མུས་ཀྱང་ རྒྱ་ནག་དང་རྒྱ་གར་ ར་ཤི་ཡ་བཅས་ཀྱིས་ཡུལ་དེའི་ནང་སྲིད་ལ་ཐེ་བྱུས་ལ་གཡོག་གིས་དྲག་པོའི་གཞུང་ལ་གནོན་ཤུགས་སྤྲད་ཀྱི་མེད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎