ཐའེ་ལྦན་གྱི་ས་གནས་འོས་བསྡུའི་སྐོར།

ཐའེ་ལྦན་གྱི་ས་གནས་འོས་བསྡུའི་རྗེས་ཐའེ་ལྦན་དམངས་གཙོ་ཡར་ཐོན་ཚོགས་པའི་དབུ་འཁྲིད་ལ་རྒྱབ་བསྐྱོར་གནང་མཁན་མང་དུ་ཕྱིན་ཡོད་པ་རེད་

2009.12.07

༄༅༎གཟའ་འཁོར་སྔོན་མའི་ཐའེ་ལྦན་གྱི་ས་གནས་ཀྱི་འོས་བསྡུའི་རྗེས་ཐའེ་ལྦན་དམངས་གཙོ་ཡར་ཐོན་ཚོགས་པའི་དབུ་འཁྲིད་ཚའེ་ཨིང་ལྦེན་ལ་རྒྱབ་བསྐྱོར་གནང་མཁན་གྱི་མི་འབོར་དེ་མང་དུ་ཕྱིན་ཡོད་པ་རེད་

ཐའེ་ལྦན་གྱི་ཡུའུ་ནའེ་ཀྲིཏ་ཌེ་ལི་ཞེས་པའི་གསར་ཤོག་དེས་གནས་ཚུལ་སྤེལ་དོན་ལ་གཞིགས་ན་འདི་ལོ་ཕྱི་ཟླ་ལྔ་པའི་ནང་དམངས་གཙོ་ཡར་ཐོན་ཚོགས་པའི་དབུ་འཁྲིད་ལྕམ་ཚའེ་ཨིང་ལྦེན་ལ་རྒྱབ་བསྐྱོར་གནང་མཁན་མི་མང་བརྒྱ་ཆ་ཉི་ཤུ་རྩ་བདུན་ཡིན་པ་དང་ད་ཆ་ཁོང་ལ་རྒྱབ་བསྐྱོར་གནང་མཁན་དེ་བརྒྱ་ཆ་བཞི་བཅུ་ཞེ་གསུམ་བར་འཕར་ཡོད་སྐོར་གནས་ཚུལ་བཏོན་ཡོད་པ་རེད་    

གོང་ཞུས་གསར་ཤོག་དེས་ཐའེ་ལྦན་གྱི་འོས་ཤོག་འཕེན་མཁན་མི་གྲངས་༡༠༦༦ཡི་བསམ་ཚུལ་བསྡུ་ལེན་དེ་ཡུལ་ནང་ས་གནས་ཀྱི་འོས་བསྡུ་གནང་ནས་ཉིན་གཅིག་རྗེས་རེས་གཟའ་ཉི་མ་ཉིན་གནང་ཡོད་པ་རེད་ སྐབས་དེར་དམངས་གཙོ་ཡར་ཐོན་ཚོགས་པར་རྒྱལ་ཁ་ཐོབ་གནང་ཡོད་པ་དང་གཞུང་འཛིན་གོ་མིན་ཏང་ཚོགས་པར་ཕམ་ཉེས་བྱུང་ཡོད་པ་རེད་ འོས་ཤོག་འཕེན་མཁན་རྣམས་ཀྱི་བསམ་ཚུལ་བསྡུ་ལེན་དེར་ཕྱི་ཟླ་ལྔ་པའི་ནང་སྲིད་འཛིན་མཱ་དབྱིང་ཇའོར་རྒྱབ་བསྐྱོར་གྱི་བརྒྱ་ཆ་དེ་ལྔ་བཅུ་ང་གཉིས་ཡིན་ཞིང་ད་ཆ་ཁོང་ལ་རྒྱབ་བསྐྱོར་གྱི་བརྒྱ་ཆ་དེ་སུམ་ཅུ་སོ་གསུམ་ལས་མེད་པ་རེད་

འཆར་ལོའི་རྒྱལ་ས་ཐེའི་པེ་སྤྱི་ཁྱབ་སོགས་པའི་འོས་བསྡུའི་ནང་ཕམ་ཉེས་མ་འབྱུང་ཆེད་སྲིད་འཛིན་མཱ་དབྱིང་ཇའོ་མཆོག་གིས་རང་ཉིད་ཀྱི་ཚོགས་པའི་ཚོགས་མི་རྣམས་པར་གཟའ་འཁོར་སྔོན་མའི་འོས་བསྡུའི་གྲུབ་འབྲས་ཐོག་ཞིབ་བཤེར་གནང་དགོས་པའི་བཀོད་མངགས་གནང་ཡོད་པ་རེད་ གོང་ཞུས་ཐའེ་ལྦན་གྱི་ཡུའུ་ནའེ་ཀྲིཏ་ཌེ་ལི་ཞེས་པའི་གསར་ཤོག་དེས་བདུན་སྔོན་མ་དེར་ཐའེ་ལྦན་གྱི་འོས་འཕེན་པ་རྣམས་ཀྱིས་སྲིད་འཛིན་མཱ་དབྱིང་ཇའོ་ཡི་ཚོགས་པར་འོས་འཕེན་མ་གནང་བའི་རྒྱུ་མཚན་མང་དག་ཅིག་ཡོད་སྐོར་དང་དེའི་ཁོངས་རྒྱུ་མཚན་གཅིག་ནི་ཁོང་གིས་རྒྱ་ནག་སྐམ་ས་དང་ཚོང་འབྲེལ་གྱི་གྲོས་མཐུན་ཞིག་བཞག་གནང་རྒྱུའི་འཆར་གཞི་དེ་ཡིན་སྐོར་གནས་ཚུལ་བཏོན་ཡོད་པ་རེད་            དམངས་གཙོ་ཡར་ཐོན་ཚོགས་པའི་དབུ་འཁྲིད་ལྕམ་ཚའེ་ཨིང་ལྦེན་མཆོག་ནི་ཐའེ་ལྦན་གྱི་ཕྱི་ལོ་ཉིས་སྟོང་བཅུ་གཉིས་ལོའི་སྲིད་འཛིན་གྱི་འོས་བསྡུའི་ནང་བཞེངས་སྲིད་པའི་གནས་ཚུལ་ཐོན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎