འཇིགས་སྐུལ་དྲག་སྤྱོད་འགོ་གཙོ་སྦིན་ལ་རྡིན་དམར་བསད་བཏང།

ཨེལ་ཁའེ་ཌ་ཞེས་པའི་ཁ་ཆེའི་འཇིགས་བསྐུལ་དྲག་སྤྱོད་པའི་འགོ་འཁྲིད་ཨོ་ས་མ་སྦིན་ལ་རྡིན་དམར་བསད་བཏང་འདུག

2011.05.02

༄༅༎འཛམ་གླིང་ཡུལ་ཁག་གི་དབུ་འཁྲིད་རྣམས་ཀྱིས་ཁ་ཆེའི་འཇིགས་བསྐུལ་དྲག་སྤྱོད་པའི་འགོ་འཁྲིད་ཨོ་ས་མ་སྦིན་ལ་རྡིན་དམར་བསད་བཏང་བ་དེས་འཛམ་གླིང་ནང་བདེ་འཇགས་ཀྱི་གནས་སྟངས་དྲག་ཏུ་འགྲོ་རྒྱུ་ཡིན་སྐོར་གསུང་ཡང་འཛམ་གླིང་གི་ཡུལ་ཁག་གཞན་ཁག་ཅིག་ནང་ཨེལ་ཁའེ་ཌ་འཇིགས་བསྐུལ་དྲག་སྤྱོད་པས་ཁོ་པའི་ཆེད་དགྲ་ཤ་ལེན་མཁན་ཡང་ཡོང་བའི་ཉེན་ཁར་སེམས་འཚབ་བྱེད་མཁན་ཡང་ཡོད་པ་རེད་

ཨོ་ས་མ་སྦིན་ལ་རྡིན་ཨ་མི་རི་ཀའི་གསང་བའི་སྒྲིག་འཛུགས་ཀྱི་མི་སྣས་རྐྱེན་ལམ་བཏང་བའི་གནས་ཚུལ་དེ་སྲིད་འཛིན་ཨོ་སྦ་མ་མཆོག་གིས་རེས་གཟའ་ཉི་མའི་མཚན་གུང་དུ་ཨ་རིའི་རྒྱལ་ཡོངས་གཟུགས་མཐོང་རླུང་འཕྲིན་ཐོག་སྦིན་ལ་རྡིན་རྐྱེན་ལམ་བཏང་བ་དེས་ང་ཚོས་ཨེལ་ཁའེ་ཌ་འཇིགས་བསྐུལ་དྲག་སྤྱོད་པའི་སྒྲིག་འཛུགས་དེར་ཕམ་ཉེས་གཏོང་རྒྱུའི་ལས་འགུལ་ཐོག་བྱས་རྗེས་ཆེན་པོ་ཞིག་བཞག་པར་ངོས་འཛིན་ཞུ་གི་ཡོད་ཅེས་གསུང་འདུག ཡང་ཨ་རིའི་སྲིད་ཟུར་པ་ཇོཇ་ཌབ་ལུ་སྦུཤི་མཆོག་གིས་ཨ་མི་རི་ཀས་སྦིན་ལ་རྡིན་ད་ཐེངས་རྐྱེན་ལམ་དུ་བཏང་ཐུབ་པ་དེས་ཨ་མི་རི་ཀར་ཧ་ཅང་གི་འགྱུར་བ་ཆེ་བའི་གྲུབ་འབྲས་ཤིག་ཐོབ་པའི་མཚོན་རྟགས་ཤིག་མ་ཟད་ཞི་བདེར་དགའ་བའི་འཛམ་གླིང་གི་མི་མང་ཙམ་མ་ཟད་ཕྱི་ལོ་ ༢༠༠༡ ལོའི་ཟླ་བ་ ༩ པའི་ཚེས་  ༡༡ ཉིན་རྐྱེན་འདས་་ཕྱིན་པའི་རྣམས་ལ་བརྩེ་གདུང་བྱེད་མཁན་རྣམས་ལའང་རྒྱལ་ཁ་ཞིག་ཡིན་སྐོར་གསུང་འདུག            

ཡང་དབྱིན་ཇིའི་སྲིད་བློན་དྲེ་ལྦིདྲ་ཀེ་མེ་རོན་མཆོག་གིས་སྦིན་ལ་རྡིན་རྐྱེན་ལམ་དུ་ཕྱིན་པ་དེས་འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་མི་མང་རྣམས་ལ་སེམས་ནང་ངལ་གསོ་ཆེན་པོ་ཞིག་འཐེབས་རྒྱུ་ཡིན་སྐོར་གསུང་འདུག ཡང་ཁ་ཆེའི་ཡུལ་ཁག་ཚོས་དགྲ་བོར་ངོས་འཛིན་བྱས་པའི་ཨིསིརལ་ཡུལ་གྱི་སྲིད་བློན་སྦེན་ཇ་མིན་ནེ་ཏན་ཡ་ཧུ་མཆོག་གིས་སྦིན་ལ་རྡིན་རྐྱེན་ལམ་དུ་ཕྱིན་པའི་གནས་ཚུལ་འདི་འཇིགས་བསྐུལ་དྲག་སྤྱོད་པར་དཔུང་པ་མཉམ་གཤིབ་ཐོག་གདོང་ལེན་བྱེད་མཁན་རང་དབང་དང་དྲང་བདེན་སོགས་ལ་རྩ་ཆེར་འཛིན་མཁན་གྱི་མང་གཙོའི་རྒྱལ་ཁབ་ཚོར་རྒྱལ་ཁ་ཆེན་པོ་ཞིག་ཡིན་སྐོར་གསུང་འདུག ཡང་འཛམ་གླིང་ས་ཕྱོགས་གཞན་ཁག་ཅིག་ནང་ཨ་མི་རི་ཀས་ད་ཐེངས་འཇིགས་བསྐུལ་དྲག་སྤྱོད་ཀྱི་འགོ་གཙོ་སྦིན་ལ་རྡིན་ད་ཐེངས་རྐྱེན་ལམ་དུ་བཏང་བ་དེས་ཁོ་པའི་ཕྱོགས་གཏོགས་པ་ཚོས་དགྲ་ལེན་གྱི་ཆེད་དྲག་སྤྱོད་ཀྱི་ལས་འགུལ་མང་དག་ཅིག་སྤེལ་བའི་ཉེན་ཁ་ཡང་གཟིགས་ཀྱི་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎