འབར་མར་བཀལ་བའི་ཉེས་ཆད་འགྱུར་བ་གཏོང་ཆེད་འབོད་སྐུལ།

འབར་མའི་ཡུལ་ལ་བཀལ་བའི་དཔལ་འབྱོར་གྱི་ཉེས་ཆད་དེ་དག་ཐོག་འགྱུར་བ་གཏོང་དགོས་པའི་འབོད་བསྐུལ་གནང་ཡོད་པ་རེད།

2011.03.07

༄༅༎ཡོ་རོབ་ཀྱི་གྲོང་ཁྱེར་སྦར་སེལ་སི་ནང་ཡོད་པའི་ཆབ་སྲིད་ཉམས་ཞིབ་ཚན་པ་ཞིག་གིས་ནུབ་ཕྱོགས་ཡུལ་ཁག་ཚོས་འབར་མའི་ཡུལ་ལ་བཀལ་བའི་དཔལ་འབྱོར་གྱི་ཉེས་ཆད་དེ་དག་ཐོག་འགྱུར་བ་གཏོང་དགོས་པའི་འབོད་བསྐུལ་གནང་ཡོད་པ་རེད་ དེ་ཡང་International Crisis Groupཞེས་པའི་ཉམས་ཞིབ་ཚན་པ་དེས་ཉེ་སྔོན་འབར་མའི་ཡུལ་ནང་ལོ་ངོ་༢༠རྗེས་རྒྱལ་ཡོངས་འོས་བསྡུ་བྱུང་བ་དེས་ཡུལ་ནང་སྲིད་དོན་ཐོག་བཅོས་བསྒྱུར་དང་ཕྱི་གསལ་ནང་གསལ་བྱེད་རྒྱུའི་གོ་སྐབས་གསར་པ་ཞིག་འཆར་ཡོད་སྐོར་གསུང་འདུག        

ཡིན་ནའང་གོ་སྐབས་གསར་པ་དེ་དག་དམ་འཛིན་གནང་རྒྱུར་ནུབ་ཕྱོགས་ཡུལ་ཁག་ཚོས་འབར་མར་བཀལ་བའི་དཔལ་འབྱོར་གྱི་ཉེས་ཆད་ཀྱི་སྲིད་བྱུས་དེ་ནོར་བ་ཞིག་ཡིན་པ་དང་དེས་དམིགས་ཡུལ་འཛིན་པ་དེ་གྲུབ་རྒྱུར་ལྡོག་ཕྱོགས་ཀྱི་གྲུབ་འབྲས་ཐོན་གྱི་ཡོད་པ་དེ་ཡང་ངོས་ལེན་གནང་དགོས་སྐོར་གོང་ཞུས་ཉམས་ཞིབ་ཚན་པ་དེས་གསུང་ཡོད་པ་རེད་ ཡང་ཚན་པ་དེས་འབར་མའི་ཡུལ་ནང་སྤྱི་ཚོགས་དང་དཔལ་འབྱོར་དེ་བཞིན་སྲིད་དོན་གྱི་བཅོས་བསྒྱུར་དགོས་པའི་དུས་སྐབས་ཉེས་ཅན་ཞིག་ལ་སླེབས་ཡོད་ ཡུལ་དེར་སྲིད་བྱུས་གསར་པ་ཞིག་འཛིན་པ་ཡིན་ན་ཡུལ་དེའི་དྲག་པོའི་གཞུང་གིས་ཡུལ་ནང་སྲིད་དོན་གྱི་བཅོས་བསྒྱུར་བཏང་བ་ཡིན་ན་ནུབ་ཕྱོགས་ཡུལ་ཁག་དང་འབྲེལ་བ་བཟང་དུ་གཏོང་རྒྱུའི་གོ་སྐབས་ཤིག་ཡོད་པ་ངེས་ཤེས་ཡོང་གི་རེད་ཅེས་ཉམས་ཞིབ་ཚན་པ་དེའི་སྙན་ཐོ་ཞིག་འདོན་སྤེལ་གནང་བ་དེའི་ནང་བཀོད་ཡོད་པ་རེད་           ཉམས་ཞིབ་ཚན་པ་དེས་ནུབ་ཕྱོགས་ཡུལ་ཁག་ཚོས་ཡུལ་དེར་བཀལ་བའི་དཔལ་འབྱོར་གྱི་ཉེས་ཆད་དེ་དག་མེད་པ་བཟོ་བ་མ་ཟད་འཛུགས་བསྐྲུན་ཡར་རྒྱས་ཆེད་དཔལ་འབྱོར་གྱི་རོགས་རམ་ཡང་མང་དུ་གཏོང་དགོས་སྐོར་འབོད་བསྐུལ་གནང་ཡོད་པ་རེད་ 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎